རྒྱལ་ཁབ་དང་སི་ཁྲོན་ཞིང་ཆེན་གྱིས་བོད་ཁུལ་གྱི་ཞིང་སྡེའི་འཐུང་ཆུ་ཉེན་མེད་ལས་ཀའི་ཕྱོགས་བསྡུས་འབྲེལ་ཡོད་བཀོད་སྒྲིག་ཐག་གཅོད་དང་། དེ་མིན་ཞིང་ཆེན་གྱིས་བོད་ཁུལ་དུ་ཉེན་ཁ་ཅན་གྱི་འཐུང་ཆུའི་གནད་དོན་ལག་ལེན་ཇུས་འགོད་སྒྲིག་བཟོ་ཐག་གཅོད་གྱི་བླང་བྱ་ལྟར་དུ། ཟུང་ཆུ་རྫོང་གིས་སྒྲིག་བཟོ་ཇུས་གཞི་ལག་ལེན་བྱས་ཚར་བ་མ་ཟད། རྫོང་ཡོངས་ཀྱིས་ཡུལ་ཚོ་དང་གྲོང་རྡལ་སོ་སོས་ཆུ་ལེན་ལས་གཞི་དང་ཆུ་འདྲེན་ལས་གཞི། ཆུ་གསོགས་ལས་གཞི་བཅས་བསྐྲུན་ནས། རྫོང་ཡོངས་ཀྱི་ཡུལ་གྲོང་ཉེར་ལྔའི་འབྲོག་དམངས་ལ་ཉེན་མེད་འཐུང་ཆུའི་གནད་དོན་ཐག་གཅོད་བྱས།
རྒྱུས་ལོན་པར་ལྟར་ན། ཟུང་ཆུ་རྫོང་གིས་2015ལོར་བོད་ཁུལ་དུ་འཐུང་ཆུ་ཉེན་ཁ་ཅན་གྱི་གནད་དོན་ཐག་གཅོད་རྣམ་གྲངས་ལག་ལེན་བྱས་ནས། རང་འབབ་ཆུ་འདྲེན་ལས་གཞི་སོ་གཉིས་འཆར་འགོད་བྱས་ནས།ལས་གཞི་ལས་ཡུལ་ཚོ་17དང་སྡེ་བ་43 ལ་ཕན་པ་བཟོས། །