མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེ་མོ་ཕན་ཅི་ཝན་གྱིས་ཀྲུང་གོའི་སྨྱན་བྱད་གྱི་མཉམ་འབྲེལ་བཅར་འདྲི་དང་ལེན་གནང་།
ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཤིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 08-31
སྤྱི་ཟླ་8པའི་ཚེས་26ཉིན་ལ། ཨ་རི་ལ་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེ་མོ་ཕན་ཅི་ཝན་གྱིས་ཀྲུང་གོའི་སྨྱན་བྱད་གྱི་མཉམ་འབྲེལ་བཅར་འདྲི་དང་ལེན་གནང་བ་རེད།
ཚེས་26ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝན་གྱིས་ཀྲུང་གོའི་སྨྱན་བྱད་གྱི་མཉམ་འབྲེལ་བཅར་འདྲི་དང་ལེན་གནང་སྐབས། ཀྲུང་གོས་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་(G20)ཧང་ཀྲུའུ་དབུ་ཚོགས་གྲ་སྒྲིག་ཐད་ལ་ཁྱད་དུ་འཕགས་པའི་འགོ་ཁྲིད་ཀྱི་ནུས་རྩལ་མཚོན་ཡོད་པར་བསྟོད་སྔགས་ཆེན་པོར་བྱས་ཏེ། ཁོང་གིས་ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་ཚོགས་འདུ་ནང་གདན་དྲངས་བར་བསྟོད་ཡོད་པ་དང་། རྒྱབ་ཁབ་ཁག་གིས་ཀྲུང་གོར་སློབ་སྦྱོང་བྱེད་དགོས་པའི་རེ་བ་བཏོན་ཡོད། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1