གཞིས་ཀ་རྩེ་ས་ཁུལ་ལས་རིགས་སློབ་གྲྭ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22
གཞི་ཀ་རྩེ་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་ནི་སྤྱི་ལོ་2000ལོའི་ཟླ་བརྒྱད་པར་དགེ་འོས་སློབ་གྲྭ་དང་འཕྲོད་བསྟེན་སློབ་གྲྭ་མཉམ་སྡེབ་བྱས་ནས་བཙུགས་པའི་སློབ་གྲྭ་ཞིག་ཡིན། སློབ་གྲྭ་རྒྱ་ཁྱོན་མའུ་(亩)240དང་། འཛུགས་སྐྲུན་རྒྱ་ཁྱོན་གྲུ་བཞི་མ་ཁྲི་དྲུག་ལྷག ད་ཡོད་དགེ་རྒན་235། སློབ་མ་3480དང་། འཛིན་གྲྭ་70ལྷག་ཡོད། སློབ་རའི་ནང་སློབ་ཁྲིད་ཐོག་ཁང་དང་། དངོས་ཞིབ་ཐོག་ཁང་། དཔེ་མཛོད་ཐོག་ཁང་། ཉལ་གནང་ཐོག་ཁང་། གཞུང་སྒྲུབ་ཐོག་ཁང་། སྙན་ཞུ་ཁང་། སྐས་རིམ་ཁྲིད་ཁང་། ཚོགས་ཁང་ཆེན་མོ། ལུས་རྩལ་ཁང་སོགས་ལྡན་ཞིང་། སྒོར་ཁྲི1000དེང་རབས་ཅན་གྱི་ཁྲིད་ཆས་འཐུས་ཚང་བ།
སློབ་གྲྭས་བོད་ལྗོངས་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་ཞུ་བྱ་བ་དང་། གསར་གཏོད་ཀྱི་ནུས་ལྡན་པ་ཞིང་། ་ཐད་ཀར་ངལ་རྩོལ་གྱི་བྱ་བར་བེད་སྤྱོད་ཤེས་ལ་ལག་རྩལ་ལྡན་པའི་ཤེས་ཡོན་ཅན་གསོ་སྐྱོང་བྱེད་པའི་རྩ་དོན་འཁྱོལ་ཞིང་། འབྲིང་རིམ་ལས་རིགས་སློབ་གསོའི་འཕེལ་རིམ་ལྟར་སྤྱི་ཚོགས་དང་ཚོང་རར་ཁ་ཕྱོགས་གཏད་དེ། སྤྱི་ཚོགས་ཀྱིས་ཤེས་ཡོན་མི་སྣ་ཅི་མཁོ་ན་མི་སྣ་དེ་གསོ་སྦྱོང་བྱེད་པ། ད་ལྟ་རྒྱ་བོད་ཀྱི་གསོ་རིག་དང་། ཕྱུགས་རིགས། མཛེས་རྩལ། རླངས་འཁོར་གསོ་གཞིག་ཡུལ་སྐོར་སྣེ་ཤན་སོགས་ཆེད་ལས་ཀྱི་རིགས་བཅུ་ལྷག་བཀོད་ཡོད། སློབ་གྲྭ་ཚུགས་ནས་ལོ་བཅུ་རིང་ལ་མཐར་ཕྱིན་སློབ་མ་5226གསོ་སྐྱོང་བྱས།
སློབ་ཁྲིད་ཐོག་ཁང་།
ལུས་རྩལ་ཁང་། སློབ་རའི་ཟུར་ཞིག
སློབ་གསར་དམག་སྦྱོང་། དངོས་སྦྱོང་ཐོག་ཁང་།
དགེ་རྒན་རྣམས་ཀྱིས་ཕུལ་བྱུང་སློབ་གྲྭར་སོང་སྟེ་གསོ་སྦྱོང་བྱ་བ།
ལུས་རྩལ་ར་བ།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1