སྤྱི་ཟླ་9པའི་ཚེས་6ཉིན། ཁེར་གྷི་སི་ཐན་གྱི་དབྱི་སའེ་ཁོ་ཧུའུ་ཀྲོའུ་ཡི་ཆའོ་ཨེར་ཧྥེང་ཨ་ཐ་གྲོང་ཁྱེར་གྱི་ཉེ་འགྲམ་གྱི་འབྲོག་སྡེར་རྟ་རྒྱུག་ལུས་རྩལ་འཁྲབ་སྟོན་བྱས། ཕྱུགས་སྐྱོང་མི་རིགས་ཀྱི་གྲོང་སྡེ་དེ་ནི་ཆའོ་ཨེར་ཧྥེང་ཨ་ཐ་གྲོང་ཁྱེར་ཉེ་འགྲམ་གྱི་གྲོག་རོང་ཞིག་གི་ཁྲོད་དུ་གནས་ཤིང་། སྐབས་གཉིས་པའི་འཛམ་གླིང་ཕྱུགས་སྐྱོང་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་སྐབས་སུ། མི་རིགས་གྲོང་སྡེ་དེ་ཡིས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་ལྟར་མང་ཚོགས་རྣམས་ལྷན་དུ་བསྡུས་ནས་ཕྱུགས་སྐྱོང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འགྲེམ་སྟོན་བྱས།།