ལི་ཁེ་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གླེང་མོལ་གྱི་འབྲེལ་བ་བཙུགས་ནས་ལོ་འཁོར་25ལོན་པའི་དྲན་གསོའི་མཛད་སྒོར་ཞུགས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 09-08


        ས་གནས་དེ་གའི་དུས་ཚོད་དེ་སྤྱི་ཟླ་9པའི་ཚེས་7ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཝང་ཐེན་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གླེང་མོལ་གྱི་འབྲེལ་བ་བཙུགས་ནས་ལོ་འཁོར་25ལོན་པའི་དྲན་གསོའི་མཛད་སྒོར་ཞུགས།

        ལི་ཁེ་ཆང་གིས་ཐོག་མར་རྒྱལ་ཁབ་སོ་སོའི་དབུ་ཁྲིད་པ་དང་མཉམ་དུ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བཙུགས་པའི་བརྙན་ཐུང་ལ་གཟུགས་པ་དང་། བརྙན་རིས་ལས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གླེང་མོལ་འབྲེལ་བ་བཙུགས་ནས་ལོ་ངོ་25ཡི་རིང་གི་ལོ་རྒྱུས་བརྒྱུད་རིམ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་འཕེལ་རྒྱས་ཀྱི་མདུན་ལྗོངས་མངོན།

        ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་དབུ་ཁྲིད་པའི་བདེན་དཔང་འོག ལི་ཁེ་ཆང་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ལ་ཝོ་སིའི་ཙུང་ལི་ཐུང་ལུན་གྱིས་《ཀྲུང་གོ་དང་ཨ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལོ་25ཡི་རིང་གི་གླེང་མོལ་དང་མཉམ་ལས་ཀྱི་དོན་དངོས་དང་གཞི་གྲངས།》ཞེས་པའི་ལག་དེབ་ཀྱི་ཚོན་དར་བཅད་པ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་མཐུན་སྦྱོར་རྒྱལ་ཁབ་སིང་གྷ་ཕོར་ཙུང་ལི་ལི་ཤེན་ལུང་དང་ཁོང་གསུམ་གྱིས་དྲན་གསོའི་སྤྲི་གོར་གཏུབ།

        ལི་ཁེ་ཆང་གིས་ཀྲུང་གོ་དང་ཨེ་ཤ་ཡའི་མནའ་འབྲེལ་གྱིས་1991ལོར་གླེང་མོལ་འབྲེལ་བ་བཙུགས་པ་ནས་བཟུང་། འཕེལ་རྒྱས་དང་མཉམ་ལས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཕན་ཚུན་བརྩི་སྲུང་དང་། རྒྱུས་ལོན། ཡིད་ཆེས་དང་རྒྱབ་སྐྱོར་རྒྱུན་འཁྱོངས་བྱས་པས་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་ཕྱིན་ཏེ་ས་ཁུལ་ཞི་བདེ་བརྟན་བརླིང་དང་འབྱོར་ཕྱུག་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན། ཀྲུང་གོའི་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ཏེ་གོམ་གང་མདུན་སྤོས་སྒོས་འཐབ་ཇུས་འབྲེལ་འདྲེས་ལ་ཤུགས་སྣོན་དང་། 2+7ཞེས་པའི་མཉམ་ལས་སྒྲོམ་གཞི་ཟབ་སྤེལ་བྱེད་པ། མི་དང་རིག་གནས་སྤེལ་རེས་ཟབ་སྤེལ་བྱས་ཏེ་ཕྱོགས་གཉིས་ཀྱི་མཉམ་ལས་ལ་སྒུལ་ཤུགས་གསར་པ་བསྐྲུན་དགོས་དགོས་པར་མ་ཟད། མཉམ་དུ་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་སྒྲིག་གཞི་འཛུགས་དགོས་ཞེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1