ཞིང་ཆེན་ཏང་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། ཟླ་9བའི་ཚེས་5ཉིན་ནས་ཚེས་8ཉིན་གྱི་བར་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིན་ལི་ཡིས་ཚན་ཆུང་གི་སྣེ་ཁྲིད་ནས་དབྱི་པིན་དང་། ཙི་གོང་གྲོང་ཁྱེར་གྱི་དཔལ་འབྱོར་བརྟན་བརླིང་འཕེལ་རྒྱས་ཀྱི་བྱ་བར་རྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་མཛུབ་སྟོན་གནང་པར་མ་ཟད། སི་ཁྲོན་ལྷོ་ཕྱོགས་ཀྱི་དཔལ་འབྱོར་ཁུལ་གྱི་བྱ་བར་སྐུལ་འདེད་གཏོང་བའི་གྲོས་ཚོགས་འཚོགས་ཏེ། འཕེལ་རྒྱས་ཀྱི་ཡིད་ཆས་བརྟན་པོ་ཡོང་བར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདེགས་ཤུགས་རྒྱུན་འཁྱོངས། མགྱོགས་མྱུར་ངང་འཕེལ་རྒྱས་ཀྱི་རྒྱུན་རྣམ་་གསར་པ་ཞིག་ཆགས་པར་བྱས་ནས། ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྔོན་དཔག་ཀྱི་དམིགས་ཡུལ་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱ་དགོས་པ་ཞེས་ནན་གྱིས་བསྟན།
དབྱིན་ལི་ཡིས་ལས་འགན་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། རྣམ་གྲངས་སོ་སོའི་ལས་ཀའི་བྱེད་ཐབས་ཁག་ནན་ཏན་གྱིས་དོན་འཁྱོལ་བྱེད་པ་དང་གནད་ལ་འཁེལ་བ་བྱས་ཏེ། ལོ་ཧྲིལ་བོའི་དམིགས་ཡུལ་ལས་འགན་ཁག་ཁྱོན་ཡོངས་དང་ཚད་བརྒལ་གྱིས་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱ་དགོས་པའི་བླང་བྱ་བཏོན།།