ཝང་ཏུང་མིང་དང་དབྱི་ལི་རྣམ་གཉིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་གི་ལྷན་ཕེབས་རྣམས་དང་འཇལ་འཕྲད་གནང་།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 09-19
ཟླ་9བའི་ཚེས་18ཉིན་གྱི་ཕྱི་དྲོར ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་གཉིས་ཀྱིས་ཁྲེན་ཏུའུ་ནས་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལི་པིན་གྱི་ཚོགས་གཙོ་མཛད་པ་དང་། ཀྲུང་གོའི་དངུལ་རྩའི་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧྥང་ཤིན་ཧེ་ཡིས་ཚོགས་གཙོ་གཞོན་པའི་འགན་ཁུར་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་ཨང་17པ་ལ་མཇལ་འཕྲད་གནང་།
ཝང་ཏུང་མིང་གིས་ཐོག་མར་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་ལ་དགའ་བསུ་ཞུས། ཁོང་གིས་ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནན་ཏན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ཡོང་བ་བྱས་ནས། དུས་ནམ་ཡང་འཕེལ་རྒྱས་ལ་མཐོང་ཆེན་དང་འཕེལ་རྒྱས་གཏོང་སྟངས་བསྒྱུར་བའི་ནུས་པ་མཐོར་འདེགས། བརྟན་བརླིང་སྒོས་འཕེལ་རྒྱས་འགྲོ་བ་དང་སྒྲིག་གཞི་སྙོམས་སྒྲིག་བྱེད་པ།བཅོས་བསྒྱུར་ལ་སྐུལ་སྤེལ་གཏོང་བ། དམངས་འཚོ་ལ་ཕན་བདེ་བསྐྲུན་པ། ཉེན་ཁ་སྔོན་འགོག་བྱེད་པའི་རྣམ་གྲངས་སོ་སོའི་བྱ་བ་ཁག་གཅིག་གྱུར་བཀོད་སྒྲིག་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱིའི་ཆ་ནས་བརྟན་བརླིང་དང་བདེ་འཇགས་སྒོས་འཕེལ་རྒྱས་འགྲོ་བ་ལ་འགོ་ལེགས་པོ་ཞིག་བརྩམས་ཤིང་། ང་ཚོས་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་སི་ཁྲོན་དུ་བྱ་བ་སྒྲུབ་གཉེར་བྱེད་པར་གཞོགས་འདེགས་བྱ་རྒྱུ་ཡིན་པ་དང་།ལྷག་པར་དུ་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་བཏོན་པའི་བསམ་འཆར་དང་གྲོས་གཞི་ལྟར། སི་ཁྲོན་གྱི་ལས་ཀ་ཁག་སྔར་ལས་ལེགས་པོར་སྒྲུབ་གཉེར་བྱ་རྒྱུར་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བསྟན།
རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལི་པིན་གིས་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐེངས་འདིའི་ལྟ་སྐུལ་ཞིབ་བཤེར་བྱ་བར་མཐོང་ཆེན་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས། མོས་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་ཁག་ལག་བསྟར་དོན་འཁྱོལ་ཡོང་བ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པར་འགོ་ལེགས་པོ་ཞིག་རྩོམ་པར་ཁག་ཐེག་བྱེད་པར་དམིགས་ནས། དཔལ་འབྱོར་བརྟན་བརླིང་སྒོས་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་དང་། སྤྱི་ལ་དབང་བའི་མཁོ་འདོན་ལོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་བྱེད་པར་སྐུལ་འདེད། གསར་སྐྲུན་ལས་བཏོད་ལ་སྐུལ་འདེད། དམངས་འཚོའི་བཅོས་བསྒྱུར་ལ་འགན་ལེན་སོགས་ཕྱོགས་བཞིའི་ཐད་ཀྱི་རྣམ་གྲངས་23གཅིག་ཏུ་བསྡུས་ནས། ནན་ཏན་གྱི་སི་ཁྲོན་གྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་གནས་པའི་མཉམ་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་ཁག་སྤྱི་བསྡོམས་བྱས་ནས། དོན་དངོས་ཐོག་གནས་ཡོད་པའི་དཀའ་གནད་དང་གནད་དོན་བཏོན་ཏེ། གནད་ལ་འཁེལ་བའི་སྒོ་ནས་བསམ་འཆར་དང་གྲོས་འགོ་བཏོན་དགོས་ཞེས་བསྟན།།