ནད་པའི་ཁྲག་མི་འདང་པའི་གནས་ཚུལ་ཐག་གཅོད་བྱ་ཆེད། ཉག་ཆུ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་ཐུགས་ཁུར་དང་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ལས་ཁུངས་བཅས་ཀྱི་རོགས་རམ་དང་གཞོགས་འདེགས་འོག སྤྱི་ཟླ་9པའི་ཚེས་9ནས་11བར་ཉག་ཆུ་རྫོང་གིས་མི་ཉག་ཐང་ཆེན་དུ“ཉག་ཆུ་རྫོང་ལས་རིགས་ཁག་གི་2016ལོའི་རིན་མེད་ཁྲག་སྦྱིན་”ཞེས་པའི་བྱེད་སྒོ་སྤེལ། ཐེངས་འདིའི་བྱེད་སྒོ་ཁྱོན་བསྡོམས་ཉིན་གསུམ་ལ་སྤེལ་ཞིང་། རིན་མེད་ཁྲག་སྦྱིན་དང་འབྲེལ་བའི་དྲིལ་བསྒྲགས་རྒྱུ་ཆ་300ལྷག་འགྲེམ་སྤེལ་བྱས་པ་དང་ཁྲག་སྦྱིན་ཐད་ཀྱི་བློ་འདྲི་མཁན་104ཡི་དྲི་བ་དང་ལེན་བྱས། དེ་མིན་ད་དུང་མི་དམངས་མང་ཚོགས་63གྱིས་ཁྲག་ཧའོ་ཧྲེང་15800གནང་སྦྱིན་བྱས་པ་རེད།།