ལི་རྫོང་གི་དབུལ་ཕོངས་སློབ་མ་106ལ་སློབ་སྐྱོར་རོགས་དངུལ་ཁྲི་37ཐོབ།
ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 09-19
སྤྱི་ཟླ་9པའི་ཚེས་7ཉིན་སྔོན། ལི་རྫོང་གིས་2016-2017ལོ་བར་གྱི་དབུལ་ཕོངས་སློབ་མ་106གི་“ལི་རྫོང་པོའོ་དབྱང་དབུལ་ཕོངས་སློབ་སྐྱོར་ཐེབས་རྩའི”སློབ་ཞུགས་སློབ་ཆེན་པའི་ཡིག་ཚགས་ཐོ་བཀོད་བྱེད་པར་ཆོག་མཆན་ཐོབ། ཟླ་9པའི་ཟླ་དཀྱིལ་བར། སློབ་ཞུགས་དབུལ་ཕོངས་སློབ་ཆེན་སློབ་མ་106ལ་ཞིང་ཆེན་ཕྱིའི་དངོས་གཞི་ཚད་རིམ་ལྟར་སློབ་མ་རེ་ལ་ལོ་རེར་སྒོར་6000དང་ཞིང་ཆེན་ནང་ཁུལ་གྱི་དངོས་གཞི་དབུལ་ཕོངས་སློབ་མར་མི་རེ་ལ་ལོ་རེར་སྒོར་5000 ཞིང་ཆེན་ཕྱིའི་ཆེད་གཉེར་སློབ་མར་མི་རེ་ལ་ལོ་རེར་སྒོར་མོ་3000དང་ཞིང་ཆེན་ནང་གི་ཆེད་གཉེར་སློབ་མར་མི་རེ་ལ་ལོ་རེར་སྒོར་མོ་3000བཅས་ཀྱི་ཚད་གཞི་ལྟར་སློབ་སྐྱོར་རོགས་དངུལ་ཁྲི་37གྱིས་རོགས་སྐྱོར་བྱས་ཏེ། རྫོང་ཡོངས་སུ་དབུལ་ཕོངས་ཀྱི་དབང་གིས་སློབ་མཚམས་བཞག་པའི་སློབ་མ་གཅིག་ཀྱང་མེད་པའི་སློབ་གསོ་དབུལ་སྐྱོར་ལས་འགན་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱས།།