སྤྱི་ཟླ་9པའི་ཚེས་18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐོག་དང་པོར་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་བ་དང་ལི་ཁེ་ཆང་གིས་དམ་བཅའ་འཇོག་པར་ལྟ་རྟོག་གནང་། སྡེ་ཁག་38ནས་ཐོན་པའི་འགན་ཁུར་བ་55ཡིས་རྩ་ཁྲིམས་ཀྱི་དམ་བཅའ་བཞག ཁོ་ཚོ་ནི་ད་ལོའི་ཚུན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐོ་འཇོག་བྱས་པ་ཡིན་ཞིང་། 2015ལོའི་ཟླ་7པར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་འཆམ་བྱུང་བའི་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་ལམ་ལུགས་ལག་བསྟར་སྐོར་གྱི་ཆོད་དོན་དང་2016ལོའི་ཟླ་7པའི་ཚེས་20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི་《རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སྡེ་ཐག་སོ་སོས་བསྐོ་འཇོག་བྱས་པའི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་རྩ་འཛུགས་བྱེད་ཐབས།》ལས་དམ་བཅའ་འཇོག་མིའི་ཁྱབ་ཁོངས་དང་དམ་བཅའི་རྣམ་པ། གོ་རིམ་སོགས་གསལ་བོར་གཏན་ཁེལ་བྱས་ཡོད་པ་རེད།
རྒྱལ་སྲིད་ཨུ་ཡོན་དང་ཞོར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་བཞེས་པའི་དབྱང་ཅིན་གྱིས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཚང་མ་ཡར་བླངས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་རྗེས་རྩ་ཁྲིམས་ཀྱི་དམ་བཅའ་བཞག