པར་རིས་དེ་དག་ནི་2016ལོའི་རྒྱལ་ཁབ་ས་ཁམས་དུས་དེབ་ཀྱི་ལོ་རེའི་རང་བྱུང་པར་ལེན་པའི་འགྲན་སྡུར་ཆེན་མོར་བདམས་ཐོན་བྱུང་བའི་པར་རིས་བརྩམས་ཆོས་རེད།
འགྲན་སྡུར་གྱི་འགན་ཁུར་མི་སྣ་གཙོ་བོ་སཱ་ར་པོར་ཇེ་ཡིས་དཔྱད་བརྗོད་སྤེལ་བ་ལྟར་ན། ཐེངས་འདིའི་འགྲན་སྡུར་དུ་ཡུལ་ལྗོངས་དང་ཁོར་ཡུག་གནད་དོན། འགུལ་རྣམ་དང་སྲོག་ཆགས་ཀྱི་བརྙན་པར་བཅས་རིགས་བཞི་རུ་དབྱེ་ཡོད་དེ། པར་ལེན་སྒྱུ་རྩལ་པ་རྣམས་ལ་འཇིག་རྟེན་ཁམས་ཆེན་མོའི་ཁྱད་མཚར་སྣོད་བཅུད་ལོངས་སུ་སྤྱོད་པའི་གོ་སྐབས་གནང་། དེ་བས་ང་ཚོས་ཡིད་དབང་འཕྲོག་ཅིང་བློ་བསྐྱེད་ཀྱི་ཕན་ནུས་མཐོ་བའི་བརྩམས་ཆོས་མང་པོ་འབྱུང་བར་རེ་ཞིང་སྒུག་ཡོད།།