ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཀྲུང་དབྱང་ཞིང་སྡེ་ལས་ཀའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རིན་ཐང་རེན་ཅན་ལ་མཇལ་འཕྲད་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 09-21


        སྤྱི་ཟླ་9པའི་ཚེས་20ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཁྲེན་ཏུའུ་ནས་ཀྲུང་དབྱང་ཞིང་སྡེ་ལས་ཀའི་འགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་གཞོན་པ། ཀྲུང་དབྱང་ཞིང་སྡེ་ལས་ཀའི་གཞུང་ལས་ཁང་གི་ཀྲུའུ་རིན། ཀྲུང་དབྱང་ནོར་སྲིད་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ཐང་རེན་ཅན་དང་ལྷན་ཕེབས་རྣམས་ལ་མཇལ་འཕྲད་གནང་སྟེ། སི་ཁྲོན་དུ་རྟོག་དཔྱད་ཞིབ་འཇུག་བྱེད་དུ་ཕེབས་པ་དང་རྒྱལ་ཡོང་ཞིང་སྡེ་ལས་ཀའི་བཞུགས་མོལ་ཚོགས་འདུའི་ཐོག་བཞུགས་པར་དགའ་བསུ་ཞུས།
        ཝང་ཏུང་མིང་གིས་ཀྲུང་དབྱང་ཞིང་ལས་གཞུང་སྒྲུབ་ཁང་གིས་སི་ཁྲོན་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐད་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས། ཁོང་གིས་ཉེ་བའི་ལོ་འགའི་རིང་ལ། རང་རེའི་ཞིང་ཆེན་གྱིས་དུས་ནམ་ཡང་ཞིང་གསུམ་ལས་ཀ་དེ་གོ་གནས་གལ་ཆེན་དུ་བཞག་ནས། གྲོང་གསེབ་བཅོས་བསྒྱུར་བྱེད་པའི་ཁ་ཕྱོགས་གཙོ་བོ་མངོན་པར་བྱས་ཏེ། བཅོས་བསྒྱུར་གྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཞིང་། ནན་ཏན་གྱིས་དོན་ཆེན་ཁག་དོན་འཁྱོལ་ཡོང་བར་བྱས་པར་མ་ཟད། ཞིང་བ་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་དེ་བརྟན་བརླིང་སྒོས་འཕེལ་རྒྱས་འགྲོ་རུ་བཅུག་པ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་དང་ཐོན་ལས་འཕེལ་རྒྱས། ཞིང་བའི་སྡོད་ཁང་དང་ཞིང་སྡེའི་ཁྱོན་ཡོངས་ཀྱི་བཅོས་བསྒྱུར་ཐད་དུ་གནམ་ས་བླ་འོག་བསྒྱུར་འདྲའི་འགྱུར་ལྡོག་བྱུང་པ་དང་། རྗེས་མར། ང་ཚོས་དབུལ་སེལ་འགག་སྒྲོལ་གྱི་ལས་ཀ་དང་ཟུང་འབྲེལ་བྱས་ནས། ཞིང་ལས་རིགས་དངཞིང་སྡེའི་བཅོས་བསྒྱུར་འཕེལ་རྒྱས་གཏོང་བའི་རྣམ་གྲངས་སོ་སོའི་ལས་དོན་ཁག་གོམ་གང་མདུན་སྤོས་ཀྱིས་གཏིང་ཇེ་ཟབ་ཏུ་བཏང་ཐོག སི་ཁྲོན་གྱི་ཞིང་གསུམ་བྱ་བ་སྔར་ལས་ལེགས་པོར་བསྒྲུབ་ཐུབ་པར་བྱ་དགོས་ཞེས་བསྟན། 
        ཐང་རེན་ཅན་གྱིས་ང་ཚོས་སི་ཁྲོན་ནས་རྒྱལ་ཡོངས་ཀྱི་གྲོང་གསེབ་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་པ་ནི་སི་ཁྲོན་གྱི་ཞིང་གསུམ་ལས་ཀ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་གནས་པའི་རྐྱེན་ཡིན་པ་དང་། ལྷག་པར་དུ་གྲོང་གསེབ་བཅོས་བསྒྱུར་དང་གྲོང་བ་གསར་པ་འཛུགས་སྐྲུན། སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་སོགས་ཐུན་མིན་གྱི་ཁྱད་ཆོས་ལྡན་པས་ཡིན། ཀྲུང་དབྱང་ཞིང་ལས་ལས་ཀའི་གཞུང་སྒྲུབ་ཁང་གིས་རྗེས་ཕྱོགས་མུ་མཐུད་དུ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། གོམ་གང་མདུན་སྤོས་ཀྱིས་སི་ཁྲོན་གྱི་བྱེད་ཐབས་ལེགས་པོ་དང་མཉམ་མྱོང་བཟང་བོ་ལ་སྤྱི་བསྡོམས་བྱས་ཏེ། ཞིང་གསུམ་བྱ་བ་དེ་སྐས་རིམ་གསར་པ་ཞིག་ལ་འཕེལ་བར་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1