སི་ཁྲོན་ཁྱུང་མཆུ་རྫོང་པདྨ་ཚུལ་ཁྲིམས་ཤེས་རིག་སྒྱུ་རྩལ་གླིང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22



         པདྨ་ཚུལ་ཁྲིམས་ཤེས་རིག་སྒྱུ་རྩལ་གླིང་ནི་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཁྱུང་མཆུ་རྫོང་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་སྤྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་དབྱར་ཟླ་དྲུག་པའི་ནང་སི་ཁྲོན་ཁྱུང་མཆུ་རྫོང་སྦྲ་ཆེན་གྲོང་རྡལ་ནས་གསར་དུ་བཙུགས་པ་ཡིན།  སློབ་སྒྲུབ་ཀྱི་དམིགས་ཡུལ་ནི་གནའ་དེང་གི་བཟོ་རྩལ་དང་ཐུན་མོང་མ་ཡིན་པའི་བོད་ཀྱི་སྲོལ་རྒྱུན་རིག་པའི་ཉིང་བཅུད་ཐང་གའི་སྒྱུ་རྩལ་སྣ་ཚོགས་དང་བོད་སྤོས་སྡེབ་སྦྱོར།  འཇིམ་བཟོ། རྡོ་བརྐོས།  འཚེམ་བཟོ་སོགས་སྣ་མང་རིགས་གནས་ཀྱི་སྒྱུ་རྩལ་ཕུན་སུམ་ཚོགས་པ་ཞིག་བརྒྱུད་སྤེལ་བྱེད་ཆེད་དང་གཞན་དུ་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་སྲུང་སྐྱོབས་དང་མི་རིགས་ལག་རྩལ་དར་སྤེལ།  གཞན་ཡང་སློབ་སྦྱོང་བྱེད་པའི་འདུན་པ་ཆེ་ཡང་ཁྱིམ་ཚང་གི་ཆ་རྐྱེན་ཞན་པའི་རྐྱེན་གྱིས་མཐོ་རིམ་སློབ་གྲྭར་འགྲིམ་མ་ཐུབ་པར་ལུས་པ་དག་ལ་དམིགས་ནས་སྒྲུབ་པ་ཡིན།  སློབ་གྲྭ་འདིར་ཕྱི་ནང་རིག་གཞུང་དུ་མར་མཁྱེན་རྒྱ་ཡངས་ཤིང་ལྷག་བསམ་དཀར་བའི་ན་གཞོན་སྐོར་གདན་དྲངས་ཏེ།  རྒྱ་བོད་དབྱིན་གསུམ་གྱི་སློབ་ཁྲིད་གཙོས་དམངས་སྲོལ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་སློབ་ཁྲིད་བྱེད་བཞིན་ཡོད་ལ།  ད་ལྟ་སློབ་མ་བཞི་བཅུ་དང་དགེ་རྒན་ལྔ་ཡོད་ལ་ཕ་མ་མེད་པའི་དྭ་ཕྲུག་དང་ཁྱིམ་ཚང་དཀའ་ངལ་ཅན་གྱི་སློབ་བུ་སོགས་གཙོ་བྱས་ནས་བསྡུ་ལེན་བྱེད་བཞིན་ཡོད་ལ།   གཞན་དུ་སློབ་ཡོན་དང་དཔེ་རིན་སོགས་ཀྱང་མི་དགོས་པས་དུས་ལྟར་འབྲེལ་གཏུགས་བྱེད་པར་དགའ་བསུ་ཞུ།
 
      སློབ་མ་རྣམས་ཀྱིས་རང་སྦྱོང་བྱེད་བཞིན་པ། 
    
ཁྱུང་མཆུ་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་འགའ་གཟིགས་ཞིབ་ཏུ་ཕེབས་པ། 
  
སློབ་མ་རྣམས་ཀྱིས་ལྷ་རིས་སྒྱུ་རྩལ་རང་སྦྱོང་བྱེད་བཞིན་པ། 
 
སློབ་མའི་བརྩམས་ཆོས།
 
སློབ་མའི་བརྩམས་ཆོས།
 
སློབ་མའི་བརྩམས་ཆོས།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1