ས་གནས་དེ་གའི་དུས་ཚོད་དེ་སྤྱི་ཟླ་9ཚེས་19ཉིན་གྱི་དགོང་མོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཇི་ཝུན་ལ་མཇལ་ཕྲད་གནང་།
ལི་ཁེ་ཆང་གིས་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་བྱ་གཞག་གི་རྒྱབ་སྐྱོར་པ་དང་ནང་ཞུགས་པ་ཡིན་ཞིང་། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས།》ཀྱི་དམིགས་འབེན་རྩ་དོན་གྱི་བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོང་མཁན་ཡིན། ཀྲུང་གོས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གལ་ཆེན་ནུས་པ་འདོན་སྤེལ་ལ་རྒྱབ་སྐྱོར་དང་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་བྱས་རྗེས་འཇོག་པའི་མོས་པ་ཡོད་ཅེས་བསྟན།
ཕན་ཇི་ཝུན་གྱིས་ལི་ཁེ་ཆང་སྐབས་71པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་མུ་འབྲེལ་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་དགའ་བསུ་ཞུས། ཁོང་གིས་ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད་དེ། ཀྲུང་ཕྱོགས་དང་མཉམ་དུ་མཉམ་ལས་དམ་ཟབ་བྱས་ཏེ་མིའི་རིགས་འཕྲད་པའི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་དེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱ་དགོས་པའི་རེ་བ་བཏོན།།