ཨི་ཟི་རེལ་གྱི་སྲིད་འཛིན་སྔོན་མ་ཕེ་ལེའུ་སི་སྐུ་གཤེགས་པ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།ཤིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 09-29


       

        སྤྱི་ཟླ་9པའི་ཚེས་28ཉིན།  ཨི་ཟི་རེལ་གྱི་སྲིད་འཛིན་སྔོན་མ་ཕེ་ལེའུ་སི་སྐུ་གཤེགས་པ་དང་། ད་ལོ་དགུང་ལོ་93ཡིན། ཕེ་ལེའུ་སི་གཞོན་པའི་དུས་ནས་བཟུང་སྲིད་དོན་བསྒྲུབས་པའི་ལམ་དུ་བསྐྱོད་པ་དང་། ཁོང་གིས་ཨི་ཟི་རེལ་རྒྱལ་ཁབ་ཀྱི་རྒྱལ་སྲུང་ལས་དོན་ལ་བྱས་རྗེས་ཆེན་པོ་བཞག་ཡོད།  ཁོང་ནི་ཨི་ཟི་རེལ་སྲིད་འཛིན་ལས་རིགས་ལ་ཞབས་ཞུ་དུས་ཡུན་ཆེས་རིང་པ་དང་ཆེས་ལོ་ན་རྒན་པ་ཞིག་ཡིན་པའི་ངོས་ནས། རྒྱུན་དུ་ཨེ་ཟི་རེལ་དང་ཕ་ལི་སི་ཐན་གཉིས་ཀྱི་ཞི་བདེ་ལ་འབད། ཁོང་གིས་ཨི་ཟི་རེལ་གྱིས་ཕ་ལི་སི་ཐན་དང་ཇོར་དན་གཉིས་དང་མཉམ་དུ་ཞི་བདེ་གྲོས་མཐུན་འཇོག་པར་ཐད་ལ་བྱས་རྗེས་ཆེན་པོ་བཞག ཁོང་དང་ཨི་ཟི་རེལ་ཙུང་ལི་སྔོན་མ་ལང་པིང་དང་།  ཕ་ལི་སི་ཐན་གྱི་སྔོན་མའི་འགོ་ཁྲིད་ཨཱ་ལཱ་ཧྥག་བཅས་ལ་དུ་མཉམ་དུ་1994ལོའི་ནོ་པེལ་ཞི་བདེ་བྱ་དགའ་ཐོབ།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1