སྒྱུ་རྩལ་གྱིས་ཕྱུག་པའི་རྒྱལ་ཁམས།ཧྥ་རན་སི།

ཚེ་དཔལ་གྱིས་བྲིས་ཤིང་། དཀོན་མཆོག་རྡོ་རྗེས་པར་བླངས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 10-09


        法国位于欧洲西部,全称为法兰西共和国,本土面积553965平方千米,主要民族为法兰西人。

        巴黎是法兰西共和国的首都,法国最大城市,欧洲第二大城市,是法国的政治、经济、文化、商业中心,被称为艺术之都、时尚之都、文化之都、浪漫之都、花都。 凯旋门、卢浮宫、巴黎圣母院、凡尔赛宫、艾菲尔铁塔这些极具特色的建筑带动着延绵不绝的巴黎建筑群,壮观雄伟,博大辽阔,既凝结了神奇匠心,也凸显了历史的厚重。


  • ཨེ་ཧྥེར་ལྕགས་ཀྱི་མཆོད་རྟེན་ཆེན་མོ།

    艾菲尔铁塔

  •         ཧྥ་རན་སི་སྤྱི་མཐུན་རྒྱལ་ཁབ་སྟེ་བསྡུས་མིང་ལ་ཧྥ་རན་སི་ཞེས་འབོད་པ་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་ཤིན་ཏུ་རིང་བའི་རྒྱལ་ཁབ་ཅིག་དང་། ཡོ་རོབ་ནུབ་ཕྱོགས་ཀྱི་ས་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་ལ། བྷེལ་ཇམ་དང་སི་ཝེས་ཙེར། འཇར་མན། སི་ཕེན། ཨི་ཐ་ལི་སོགས་རྒྱལ་ཁབ་དང་འདབ་འབྲེལ་དུ་གནས། ལོ་རྒྱུས་སྨྲ་བ་དག་གིས་བཞེད་པ་ལྟར་ན་ཧྥ་རན་སིར་གནའ་བོའི་དུས་ནས་མིའི་རིགས་འཚོ་སྡོད་བྱས་མྱངས་ཤིང་། རྡོ་ཆས་རྙིང་མའི་དུས་སྐབས་དང་ལྕགས་ཆས་དུས་སྐབས་ཀྱི་མིའི་རིགས་ཀྱི་ཤུལ་བཞག་རིག་གནས་མ་ལག་འཐུས་ཚང་བའི་སྒོ་ནས་རྒྱུན་འཛིན་བྱེད་ཐུབ་པ་བྱུང་ཡོད། དུས་རབས་ལྔ་པའི་ནང་ཧྥ་རན་ཁི་མིས་ཧྥ་རན་ཁེ་རྒྱལ་ཁབ་བཙུགས་ཤིང་སྤྱི་ལོ་843སྒེར་ཚུགས་ཀྱི་རྒྱབ་ཁབ་ཅིག་ཏུ་གྱུར། ཧྥ་རན་སི་ནི་ཡོ་རོབ་གླིང་གི་ཞིང་ལས་ཐོན་རྫས་དར་རྒྱས་ཆེས་ཆེ་བའི་རྒྱལ་ཁབ་ཅིག་ཡིན། སྲན་མ་དང་གྲོ། ཡུངས་དཀར་གྱི་ཐོན་སྐྱེད་འཛམ་གླིང་གི་སྔོན་གྲས་སུ་ཚུད་ཡོད། རྒྱལ་ཁབ་འདིར་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་ཤིན་ཏུ་རིང་ཞིང་མི་ཆོས་ཀུན་སྤྱོད་གཙུག་ཏུ་འཛིན་པའི་རྒྱལ་ཁབ་ཅིག་ཡིན་ཏེ་སྤྱི་ཚོགས་སྟེང་བུད་མེད་ལ་བླ་ལྷག་གི་བརྩི་བཀུར་བྱེད། དཔེར་ན་བུད་མེད་དང་ལག་འཇུས་བྱེད་སྐབས་ཐོག་མར་བུད་མེད་ཀྱིས་ལག་པ་ཚུར་བསྲིངས་རྗེས་ད་གཟོད་སྐྱེས་པའི་ལག་པ་བསྲིངས་ཏེ་ལག་འཇུས་བྱེད་དགོས་ལ། བྱེད་སྒོ་དང་ཐུན་མོང་གི་ཚོགས་པར་བུད་མེད་རྣམས་སྔོན་དུ་འགྲོ་རུ་འཇུག་དགོས་བའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཡོད།

  •       རྒྱལ་ཁའི་སྒོ་ཆེན། 

  •  凯旋门

  •         ཧྥ་རན་སི་ནི་འཛམ་གླིང་གི་རིག་གནས་དང་སྒྱུ་རྩལ་བླ་ལྷག་དར་བའི་རྒྱལ་ཁབ་ཅིག་ཀྱང་ཡིན། དུས་རབས་17པ་ནི་ཧྥ་རན་སིའི་རྩོམ་རིག་གི་འོད་སྟོང་འབར་བའི་དུས་སྐབས་ཤིག་ཏུ་ངོས་འཛིན་བྱེད། སི་ཐང་ཏཱ་དང་པཱར་ཀྲ་ཁི། ཝེ་ཁི་ཏོའོ་ཡུས་གོ། ཙོའོ་ལཱ་སོགས་འཛམ་གླིང་ན་མིང་དུ་གྲགས་པའི་རྩོམ་པ་པོ་དེ་དག་གིས་འཛམ་གླིང་རྩོམ་རིག་གཏེར་མཛོད་ཁྲོད་བཀྲག་ཏུ་འཚེར་བའི་སྒྱུ་རྩལ་བརྩམས་ཆོས་མང་པོ་ཞིག་སྐྱེས་སུ་ཕུལ་ཞིང་སྒྱུ་རྩལ་བརྩམས་ཆོས་དེ་དག་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཡི་གེར་བསྒྱུར་ཏེ་འཛམ་གླིང་རྩོམ་རིག་གི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན།

            ཕེ་རིས་ནི་ཧྥ་རན་སིའི་རྒྱལ་ས་སྟེ་ཧྥ་རན་སིའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་དང་བཟོ་ཚོང་གི་ལྟེ་གནས་ཡིན། གྲོང་ཁྱེར་འདི་ལ་ལོ་ངོ་1400ལྷག་གི་ལོ་རྒྱུས་ལྡན་ཞིང་འཆར་ཡན་དང་སྒྱུ་འཕྲུལ་གྱིས་ཕྱུག་པའི་གྲོང་ཁྱེར་ཞིག་སྟེ། ཀུན་གྱིས་སྒྱུ་རྩལ་དང་རིག་གནས་ཀྱི་ཞིང་ཁམས། འཆར་ཡན་དང་མེ་ཏོག་གི་གྲོང་ཁྱེར་ཞེས་པའི་མཚན་སྙན་གསོལ་ཡོད་པ་ལགས། དེ་མིན་ཕེ་རིས་ནི་འཆར་སྣང་རིང་ལུགས་ཀྱི་འབྱུང་ཁུངས་དང་པ་ལིའི་ཞབས་བྲོའི་འབྱུང་ཁུངས། ཡོ་རོབ་བློ་འབྱེད་བསམ་བློའི་ལས་འགུལ་གྱི་ལྟེ་གནས། གློག་བརྙན་གྱི་ཕ་ས། དེང་རབས་ཨོ་ལིམ་ཕི་ཁི་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་ས་ཡིན་པར་མ་ཟད། འཛམ་གླིང་སྤྱི་མཐུན་གྱིས་ཁས་ལེན་བྱེད་བཞིན་པའི་རིག་གནས་ཀྱི་གྲོང་ཁྱེར་ཞིག་ཡིན་ཏེ། ཚན་རིག་སྡེ་ཁག་དང་ཞིབ་འཇུག་སྡེ་ཁག དངོས་མང་བཤམས་སྟོན་ཁང་། གློག་བརྙན་ཁང་། ཟློས་གར་ཁང་། རོལ་མོ་ཁང་སོགས་གྲོང་ཁྱེར་འདིའི་གྲུ་ཟུར་སོ་སོ་ནས་མཐོང་ཐུབ།

  • མཛེས་པའི་ཕེ་རིའི་གནའ་གྲོང་།

    法国巴黎古都

  • ཧྥ་རན་སིའི་ཕེ་རིའི་ཡ་ལི་ཧྲན་ཏ་སྐུ་ཕྲེང་གསུམ་པའི་ཟམ་ཆེན།

    法国巴黎亚力山大三世大桥

  • ལུའུ་ཧྥུའུ་ཕོ་བྲང་།

    卢浮宫

  •         ཕེ་རིས་ཀྱི་མིང་དུ་གྲགས་པའི་འཕགས་མའི་ལྷ་ཁང་ནི་ཧྥ་རན་སིའི་ཚབ་མཚོན་རང་བཞིན་གྱི་བཟོ་བཀོད་ཅིག་སྟེ་ཆོས་ལུགས་དང་རིག་གནས། བཟོ་བསྐྲུན་སྒྱུ་རྩལ་གཅིག་འདུས་ཀྱི་བཟོ་བཀོད་ཅིག་ལགས། ཀི་ཐི་(Goth)རྣམ་པའི་ཡེ་ཤུའི་ཆོས་ལུགས་ཀྱི་ལྷ་ཁང་འདི་ཧྥ་རན་སིའི་སད་ན་གཙང་པོའི་འགྲམ་ངོགས་སུ་འགྲེང་ངེར་འགྱིང་ཞིང་བཟོ་བཀོད་འདིར་ལོ་རྒྱུས་ཀྱི་རིན་ཐང་བླ་ལྷག་ལྡན་ཏེ་ལོ་རྒྱུས་སྟེང་གི་ཆེས་ངོ་མཚར་ལྡན་པའི་བཟོ་བཀོད་ཅིག་ཏུ་ངོས་འཛིན་བྱེད། འཕགས་མའི་ལྷ་ཁང་(Notre Dame)ལ་ང་ཚོའི་བུད་མེད་དམ་ང་ཚོའི་མཁྱེན་ལྡན་མའི་གོ་དོན་འདུག འདིར་མཁྱེན་ལྡན་མ་ནི་སྤྱི་བཏང་གི་བུད་མེད་ལ་མི་གོ་བར་ཡེ་ཤུའི་ཡུམ་ཆེན་མཱ་ལེ་ཡར་གོ དུས་རབས་4པའི་སྐབས་སུ་འཕགས་མའི་ལྷ་ཁང་ནི་ཧྲིན་ཧྲི་ཏི་ཧྥིན་ལྷ་ལ་མཆོད་འབུལ་བྱེད་སའི་ཆེས་སྤྱིར་བཏང་གི་ཡེ་ཤུའི་ལྷ་ཁང་ཞིག་ཡིན། དུས་རབས་6པའི་ནང་རོ་མའི་རྣམ་པའི་ལྷ་ཁང་ཞིག་ཏུ་ཞིག་གསོ་བྱས་པ་རེད། ཆེད་མཁས་པ་དག་གིས་བཞེད་པ་ལྟར་ན་འཕགས་མའི་ལྷ་ཁང་གི་རྨང་རྡོ་12རོ་མའི་ལྷ་ཁང་ཞིག་ནས་སྤོས་པར་བཞེད། ད་ལྟ་ང་ཚོའི་མཐོང་ཡུལ་དུ་གྱུར་བའི་ཕེ་རིས་འཕགས་མའི་ལྷ་ཁང་ནི་སྤྱི་ལོ་1163ལོར་འཛུགས་བསྐྲན་གྱི་འགོ་བརྩམས་ཤིང་སྤྱི་ལོ་1345ལོར་ལེགས་འགྲུབ་བྱུང་བ་རེད། དུས་རབས་བཅོ་བརྒྱད་པའི་ཧྥ་རན་སིའི་གསར་བརྗེ་ཆེན་མོའི་སྐབས་སུ་འཕགས་མའི་ལྷ་ཁང་གི་ཕྱིའི་བཟོ་བཀོད་དང་ནང་དུ་ཉར་བའི་སྒྱུ་རྩལ་བརྩམས་ཆོས་མང་པོར་གཏོར་བརླག་ཚབས་ཆེན་ཐེབས་ཤིང་ལྷ་ཁང་དེའང་ཆང་ཉར་ཚགས་བྱེད་སར་བསྒྱུར། སྤྱི་ལོ་1804ལོར་ན་ཕོ་ལུན་གྱིས་སྲིད་སྐྱོང་བའི་སྐབས་སུ་ད་གཟོད་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སར་བསྒྱུར་བ་རེད།

            ཨེ་ཧྥེར་ལྕགས་ཀྱི་མཆོད་རྟེན་ནི་ཕེ་རིས་གྲོང་ཁྱེར་གྱི་ཆེས་མཐོ་བའི་བཟོ་བཀོད་ཅིག་ཡིན། སྤྱིའི་རིང་ཚད་ལ་སྨི་320.7དང་སྤྱིའི་ལྗིད་ཚད་ལ་ཏུན་9000ཡོད། འདི་ནི་སྲིད་གཞུང་གིས་ཧྥ་རན་སིའི་མ་རྩ་རིང་ལུགས་ཀྱི་གསར་བརྗེ་ལོ་འཁོར་100ལོན་པར་རྗེས་དྲན་བྱ་ཆེད་བསྐྲུན་ཞིང་ལྕགས་ཀྱི་མཆོད་རྟེན་འདིའི་རྩེ་ལ་འཛེག་ཚེ་ཕེ་རིས་གྲོང་ཁྱེར་གྱི་ཡུལ་ལྗོངས་ཐམས་ཅད་ཉམས་སུ་མྱོང་ཐུབ་པས་གྲོང་ཁྱེར་འདིའི་ཆེས་དགའ་བསུ་ཐོབ་པའི་ཡུལ་སྐོར་ལྗོངས་ཁུལ་ཞིག་ཏུ་གྱུར་ཡོད།

            ཧྥན་ཨར་སད་ཕོ་བྲང་ནི་ཧྥ་རན་སིའི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་ལོ་རྒྱུས་མཚོན་པའི་བཟོ་བཀོད་ཅིག་སྟེ་དུས་སྐབས་དེའི་ཧྥ་རན་སིའི་སྤྱི་ཚོགས་ཀྱི་ཆབ་སྲིད་ལྟ་བ་དང་རིག་གནས་འཚོ་བ་གཅིག་འདུས་ཀྱིས་མཚོན་པའི་མེ་ལོང་ཞིག་ཡིན། སྤྱི་ལོ་1979ལོར་འཛམ་གླིང་གི་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་ཚུད་པའི་ཕོ་བྲང་འདི་འཛམ་གླིང་གི་ཕོ་བྲང་ཆེན་པོ་ལྔའི་ཡ་གྱལ་དུ་ངོས་འཛིན་བྱེད། །

  • ཧྥ་རན་སའི་འཆམ་མཐུན་ཐང་ཆེན།

    法国巴黎协和广场


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1