གངས་རིའི་བུ་མོ་། གླུ་མ་ཚེ་དབང་ལྷ་མོ།

སྒྲོལ་མ་ཚེ་བརྟན། སྐལ་བཟང་ནོར་བུས་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 10-09


      来自雪域高原的藏族青年女歌手泽旺拉姆,她有着吉祥而优美的名字。带着上天赐予的歌喉洗礼着人们的心灵,是藏区最受欢迎的女歌手之一。

2008年推出的第一张个人专辑《圣地拉萨》,2012年推出首张个人藏语专辑《雪域姑娘》,另有作品《闻脱之歌》、《卡哇金》、《比黄金更珍贵的黄金》、《心中的等待》等受到广大歌迷朋友们的喜爱

          མགྲིན་པ་ལོངས་སྤྱོད་གནས་ལ་རང་དབང་འབྱོར་ཞིང་སྐྱེས་གཟུགས་སྨྱུག་མའི་ལུས་ལ་ཁོག་ལག་རྫོགས་པའི་གངས་རིའི་གླུ་མ་ཚེ་དབང་ལྷ་མོ་ནི་ཕ་ཡུལ་ཁམས་བྲག་འགོ་ནས་ཡིན་ཞིང་། སྙན་འཇེབས་ཁུ་བྱུག་ངག་གི་གདངས་ལ་མཁུ་ཞིང་ཕྲ་སྦོམ་གྱི་ཚད་རན་ལ་ལྷོད་ཆ་དོད་པའི་ཕུ་བོ་པད་མའི་གླུ་སྐད་དེས་མོ་རང་ལ་འཇིག་རྟེན་འཚོ་བའི་གདམ་གསེས་ཞིག་དང་གླུ་གར་རིག་གནས་ལ་སེམས་ཁ་ཕྱོགས་པའི་བག་ཆགས་ཟབ་མོ་བཞག ད་དུང་ཡན་ལག་བརྒྱད་ལྡན་གྱིས་རང་གཤིས་འཛོམས་པའི་གངས་ཆབ་བསིལ་མ་དང་། བཅུད་ལྡན་བོད་ཟས་མར་རྩམ་ཐུད་ཆུར་སོགས་གདོང་དམར་བོད་ཀྱི་རང་གཤིས་མ་ཡལ་པའི་ཟས་རིགས་རྣམས་ནི་ཚངས་སྲས་བུ་མོའི་མགྲིན་ལ་འཕྱ་ཞེས་རྒན་པས་བསྟོད་ན་རུང་ཞིང་སྨྱུག་མ་གླིང་བུའི་གདངས་ལ་འགྲན་ཞེས་གཞོན་པས་བསྔགས་ན་འོས་པའི་བུ་མོ་འདིའི་གླུ་སྐད་ལ་ཕྱི་ནང་གཉིས་ཀྱི་ཆ་རྐྱེན་གལ་ཆེན་ཞིག་ལོས་ཡོད།


        རེ་འདུན་གྱི་གོམ་འགྲོས་ལ་ཕྱི་ནུར་མེད་པའི་ཚེ་དབང་ལྷ་མོ་དུས་ཚོད་ཀྱི་ཐག་སྒྲའི་ཁྲོད་གླུ་གར་རིག་གནས་ཀྱི་ཐེམ་རྐས་བརྒྱུད་དེ། 2007ལོར་ནས་བཟུང་གནའ་དེང་ཟུང་གི་གླུ་གར་སྒྱུ་རྩལ་ལ་ཅི་ནུས་གང་ལྕོགས་ཀྱིས་འབད་འབུངས་བྱས། གཞུང་དྲང་གི་གཤིས་རྒྱུད་འཇམ་པོ་དེ་དང་མཛེས་སྡུག་གི་ལང་ཚོ་གསོན་པོ། སྙན་འཇེབས་ཀྱི་གླུ་སྐད་དྭངས་མ་གསུམ་ལས་རྒྱལ་ཕྱི་ནང་ཀུན་ཏུ་དགའ་བསུ་དང་བསྟོད་ར་བྱེད་མཁན་མེད་པ་ནས་ཡོད་པ། ཡོད་པ་ནས་ཇེ་མང་ཇེ་མང་དུ་གྱུར་ལ་དེ་ཡང་ཚེ་དབང་ལྷ་མོར་མཚོན་ན་མི་ཚེའི་གདམ་གསེས་ཀྱི་མདུན་ལམ་ཡངས་པོར་ཕྱེ་བའི་གྲུབ་ཆ་གཙོ་བོ་ཞིག་ཏུ་གྱུར།

        ལོ་ཟླའི་གོམ་འགྲོས་ཁྲོད་ནས་མངར་སྐྱུར་གྱི་འཚོ་བ་མང་ཏུ་མྱངས་ལ། 2008ལོར་རྒྱ་ནག་ཁྲུང་ཆིང་ལྷོ་ནུབ་སློབ་གྲྭ་ཆེན་མོའི་རོལ་དབྱངས་སྡེ་ཁག་ཏུ་ཞུགས་ནས་རང་དབང་གང་འདོད་ཀྱིས་བཀུག་པའི་གླུ་དང་དབྱངས་རྟ་རྣམས་གཡས་སུ་བཞག་སྟེེ་གོ་རིམ་ཅན་གྱི་གླུ་དབྱངས་རིག་གནས་ལ་ཕྱོགས་འགོ་བརྩམས།

        མིང་གྲགས་ཅུང་ཙམ་ཡོད་པའི་ཚེ་དབང་ལྷ་མོ་ཁྲུང་ཆིང་ན་གཞོན་གླུ་གར་སྒྱུ་རྩལ་འགྲན་ཚོགས་སུ་ཞུགས་ཤིང་རང་གི་བཅོས་མ་མིན་པའི་སྐད་ངག་སྙན་མོ་དེར་སྐབས་དེའི་ཨང་རིམ་གཉིས་པའི་བྱ་དགའ་ཐོབ།

        གཞན་ད་དུང་ལོ་དེར་ལྷ་སར་བསྡུས་པའི་ཝུན་ཁྲོན་ས་འགུལ་རོགས་སྐྱོར་གླུ་དབྱངས་དགོང་ཚོགས་དང་། 2009ལོའི་མཚོ་སྔོན་ཇོ་མོ་གླང་མའི་གཟི་འོད་དང་ལོ་སར་དགོང་ཚོགས། 2010ལོའི་སི་ཁྲོན་ཁྲེན་ཏུའུ་རུ་བསྡུས་པའི་ཡུལ་ཤུལ་ས་འགུལ་རོགས་སྐྱོར་གླུ་དབྱངས་ཚོགས་པ་སོགས་སུ་ཞུགས་ནས་སྙན་ལ་མཐོ་བའི་གླུ་ངག་གིས་སྐྱོ་བའི་མགོ་མནན་ཞིང་ཕྲ་ལ་འཇེབས་པའི་འགྱུར་ཁུག་གིས་སྡུག་གི་སེམས་གསོས་པ་སོགས་ལྟོས་བཅས་ཀྱིས་བཤད་ན་ཡོད་དང་ཡོད་ངེས་པ་རེད།

རྫ་རི་སྤང་རི་ནགས་རི་ཅེས་སྐད་གདངས་མཐོ་ལ་ཉན་འདོད་པའི་ནག་ཆུ་སྐོར་བྲོའི་གཞས་སྙན་མོ་དེ་ནི་ཁོ་མོས་མི་ཡུལ་ལ་བཞག་པའི་ཆེས་ཐོག་མའི་ལེགས་སྐྱེས་ཡིན་ཞིང་། ཁོ་མོར་མཚོན་ན་མིའི་གྲལ་ནས་མགོ་བོ་བཀྱགས་པའི་ནམ་ལངས་སྐར་མ་རེད་ཅེས་བརྗོད་ཆོག དེར་མཐུད་ནས་གནས་མཆོག་ལྷ་ས། སྐལ་བཟང་མེ་ཏོག དྲན་གླུ་སོགས་ཆེད་བསྒྲིགས་འོད་སྡེར་དང་བོད་ཁུལ་གྱི་གླུ་ཡི་འོད་སྡེར་མང་པོར་གླུ་ངག་གི་འགྱུར་ཁུགས་མངོན་མྱངས་ཤིང་མགྲིན་སྒྲ་ཡི་གདངས་དབྱངས་སྤེལ་མྱངས་བས་ཁ་མིན་དོན་གྱི་སྙན་པའི་གྲགས་པ་རྒྱས་དང་རྒྱས་བཞིན་པའི་སྒང་ཡིན།

        ཁོ་མོས་རང་ལ་མི་ལུས་ཀྱི་རྟེན་བཟང་བྱིན་པའི་དྲིན་ཕ་མ་གཉིས་གཙོ་བྱས་མི་ཚེ་འདིའི་མགོ་མཇུག་བར་གསུམ་ཀུན་ཏུ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བ་དག་ལ་སྙིང་ཁུང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན་ཞེས་བཤད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1