བཙན་ལྷ་རྫོང་འབྲོང་ཚང་ཡུལ་ཚོ་མདའ་བ་ སྡེ་པའི་འཆམ་གྱི་གསང་བ་འཚོལ་བ།

མགོན་པོ་བཀྲ་ཤིས་ཀྱིས་བྲིས། ཡུས་ལིན་པིན་གྱིས་པར་བླངས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 10-11


སྤྲོ་ཚོགས་སུ་འཆམ་འཁྲབ་བཞིན་པ།

布扎戏参加朝山会传统歌舞汇演

        སི་ཁྲོན་ནུབ་བྱང་གི་རྒྱུད་དུ་ལོ་ངོ་སྟོང་ཕྲག་གི་འཁོར་འགྲོས་ཀླུང་ན་འཚོ་ཞིང་གནས་པའི་མི་རིགས་ཤིག་གིས། སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས་མཐའ་དག་རྡོ་ལག་བརྒྱུད་ཀྱི་ཚུལ་གྱིས་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་བར་མ་ཟད། མི་རིགས་གཞན་པའི་རིག་གནས་ལ་བླང་དོར་ཚུལ་བཞིན་བྱས་ནས་ཕན་ཚུན་འབྲེལ་འདྲིས་དང་བརྗེ་རེས་བྱས་ཏེ། འཆམ་མཐུན་མཉམ་གནས་ཀྱིས་འཚོ་བའི་དཔལ་ལ་རོལ་དང་རོལ་བཞིན་ཡོད། བཙན་ལྷ་རྫོང་འབྲོང་ཚང་ཡུལ་ཚོ་མདའ་བ་སྡེ་པའི་རི་ལུང་ཐང་གསུམ་གྱི་གྲུ་ཁ་རེ་རེ་ལ་འཐིམ་པའི་འཆམ་ལ་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པར་མ་ཟད། ཆོས་ལུགས་ཀྱི་ཁྱད་ཆོས་མངོན་པར་མཚོན་པའི་ཟློས་གར་གྱི་རྣམ་པ་ཞིག་ཀྱང་ཡིན། ཉེ་ཆར། རྩོམ་པ་པོ་བཙན་ལྷ་རྫོང་འབྲོང་ཚང་ཡུལ་ཚོ་མདའ་བ་སྡེ་པར་ཕྱིན་ནས། ངོ་མཚར་སྟོང་གིས་ཕྱུག་པའི་འཆམ་གྱི་གསང་བར་འཚོལ་ཞིབ་བྱས།
འཆམ་གྱི་འབྱུང་ཁུངས།

འཆམ་གྱི་སྔོན་འགྲོ།

布扎戏之前奏
       འཆམ་ནི་བོད་བརྒྱུད་ནང་བསྟན་གྱི་ནང་དོན་མངོན་པར་མཚོན་པའི་ཟློས་གར་ཞིག་ཡིན་ཞིང་། དེ་ནི་ལོ་སར་སྨོན་ལམ་ཆེན་མོའི་ཚེས་བཅོ་ལྔའི་ཉིན་བོད་ཁུལ་གྱི་དགོན་པ་སོ་སོ་ནས་ལོར་ལྟར་སྤེལ་བའི་རྡོ་རྗེ་བདུད་འདུལ་གྱི་ཆོས་ལུགས་མཛད་སྒོ་ཞིག་ཡིན། འཆམ་ནི་སྤུར་རྒྱལ་བོད་ཀྱི་གདུང་རབས་སུམ་ཅུ་སོ་བརྒྱད་པ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་གསར་བཞེངས་བྱེད་པའི་དུས་སུ། སློབ་དཔོན་པངྨ་འབྱུང་གནས་ཀྱིས་མི་མིན་སྡེ་བརྒྱད་ཀྱི་གནོད་པ་ཟིལ་གྱིས་གནོན་པའི་ཆོས་ལུགས་ཆོ་ག་ཞིག་ཡིན་པ་དང་། དེ་ནས་རིམ་གྱིས་མདོ་དབུས་ཁམས་གསུམ་གྱི་དགོན་པ་སོ་སོར་ཁྱབ། བན་བོན་འཁྲུག་ནས་པ་ཀོར་བེེ་རོ་ཙ་ན་མདོ་སྨད་རྒྱལ་མོ་ཚ་བ་རོང་དུ་རྒྱང་ཕུད་དུ་བཏང་ཞིང་། དེ་ནས་ཁོང་གིས་རྒྱལ་རོང་ས་ཁུལ་ནས་འཆམ་ཁྱབ་བརྡལ་དུ་བཏང་བར་གྲགས།
བཙན་ལྷ་རྫོང་འབྲོང་ཚང་ཡུལ་ཚོ་མདའ་བ་སྡེ་པའི་ས་བབ་མཐོ་ཞིང་འགྲིམ་འགྲུལ་སྟབས་བདེ་མིན་ལ། ས་ཕྱོགས་གཞན་དང་འབྲེལ་འདྲིས་ཧ་ཅང་ཉུང་།
ས་གནས་འདིའི་དགེ་ལུགས་དང་བོན་པོའི་དགོན་པ་སོ་སོ་གྲུབ་མཐའི་ཆགས་སྡང་གི་དབང་དུ་མ་སོང་བར། ཡུན་རིང་འཆམ་མཐུན་མཉམ་གནས་བྱས་པས་འཆམ་འཁྲབ་སྟངས་ད་བར་དུ་མ་ཉམས་རྒྱུན་འཛིན་བྱེད་ཐུབ་པ་བྱུང་། ཞེས་སྔོན་ཆད་འབྲོང་ཚང་ཡུལ་ཚོའི་ཧྲུའུ་ཅིའི་འགན་འཁུར་མྱངས་བའི་ཅ་ཧུང་པིང་གིས་གསལ་བཤད་བྱས།

འཆམ་གོས་བཟོ་བཞིན་པ།

制造布扎戏道具

འཆམ་འཁྲབ་པ།
རྒྱུས་ལོན་པ་ལྟར་ན། འཆམ་ནི་ལྷ་སྒྲུང་དང་རོལ་དབྱངས། ཞབས་བྲོ། གླུ་བཅས་འོ་ཆུ་ལྟར་འདྲེས་པའི་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་ཀུན་ནས་ཕྱུག་པའི་ཟློས་གར་ལེ་ཚན་ཞིག་ཡིན་པར་བཤད། འཆམ་གྱི་རིག་གནས་རྒྱུན་འཛིན་མཁན་ཀྲང་ཧྭ་མིང་གིས་གསལ་བཤད་བྱས་པ་ལྟར་ན། རོལ་དབྱངས་ཀྱི་འགྲོས་དང་བསྟུན་ནས་འཆམ་གྱི་སྟངས་སྟབས་ཤུགས་ཀྱིས་བསྒྱུར་བས་གཟི་བརྗིད་ཀྱིས་ཡོངས་སུ་གཏམས། འཆམ་མཁན་མི་གྲངས་ལྔ་བཅུ་ལས། རོལ་དབྱངས་དཀྲོལ་མཁན་བཅུ་དང་འཆམ་འཁྲབ་མཁན་བཞི་བཅུ་ཡོད་དེ། འཆམ་འཁྲབ་མཁན་གྱི་ཁྲོད་དུ་བྱིས་པ་དང་ན་གཞོན། གྲྭ་བ། རྒན་པ་བཅས་སོ་སོ་མི་གྲངས་བཅུ་ཡོད།
རྒྱུན་འཛིན་བྱེད་པ
        མདའ་བ་སྡེ་པའི་འཆམ་རྒྱུན་འཛིན་བྱེད་པའི་གོ་རིམ་ཁྲོད་ནས་བོད་བརྒྱུད་ནང་བསྟན་གྱི་འཆམ་འཁྲབ་སྟངས་དང་། ཆོས་ལུགས་ཆོ་ག འབག་དང་གྱོན་ཆས་བཟོ་སྟངས། འབུད་རྡུང་དཀྲོལ་གསུམ་དང་ནང་དོན་བཅས་སྲོལ་རྒྱུན་གྱི་རྣམ་པ་ཁོ་ན་སྲུང་འཛིན་བྱས། གོང་མ་ཆན་ལུང་གིས་བཙན་ལྷ་ས་ཁུལ་བདེ་འཇགས་སུ་བཏང་ནས། རལ་གྲིའི་སྟངས་སྟབས་ལ་བརྟེན་ནས་འཆམ་འཁྲབ་པའི་སྲོལ་ཕྱེས། འཆམ་ནི་དམངས་ཁྲོད་རིགས་གནས་ཤིག་ཡིན་པའི་ཆ་ནས་རོལ་རྩེད་རྣམ་པ་ཡིན་པའི་རྣམ་པ་སྔར་ལས་མངོན་གསལ་དུ་གྱུར། འབྲོང་ཚང་ཡུལ་ཚོའི་ལས་ཀ་བ་ཀུའེ་ཡིང་གིས། འཆམ་གྱིས་སྤྲེའུ་འབག་གོན་ནས་འཆམ་འཁྲབ་པ་དེས་མི་དང་རང་བྱུང་ཁམས་ནམ་ཡང་འཆམ་མཐུན་མཉམ་གནས་དགོས་པར་མཚོན་གྱི་ཡོད། རྒྱུ་མཚན་ནི་མིའི་རིགས་ཐོག་མར་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་ལས་མཆེད་པ་ཡིན། དེ་ལས་གཞན་སྟག་དང་སེང་གེ དོམ། ལུག་སོགས་ཀྱི་འབག་གྱོན་ནས་འཆམ་འཁྲབ་པ་དེ་དག་ཚང་མས་མི་དང་རང་བྱུང་ཁམས་འཆམ་མཐུན་གྱི་རྣམ་པ་ཞིག་སྟོན་གྱི་ཡོད་ཅེས་གསལ་བཤད་བྱས།

འཆམ་འཁྲབ་པར་སྟ་གོན་བྱེད་བཞིན་པ།

布扎戏演出场景

འཕེལ་རྒྱས་ཀྱི་ལམ་བུ།
        གསར་འགོད་པས་མདའ་བ་སྡེ་པའི་སྤྱི་གླིང་ར་བའི་བརྡ་ཁྱབ་རེའུ་མིག་ཏུ། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པར་《ཀྲུང་གུང་ཀྲུང་དབྱང་རིག་གནས་འཕེལ་རྒྱས་གཏོང་བར་རྟིང་སྐུལ་བྱེད་པ།》གཏན་འཁེལ་བྱས་ཡོད་ཅེས་པའི་ཡིག་ཆ་ཞིག་མིག་གིས་མཐོང་། འཆམ་ནི་དམངས་ཁྲོད་རིག་གནས་ཤིག་ཡིན་པའི་ཆ་ནས་འཕེལ་རྒྱས་གཏོང་བར་སྔ་ན་མེད་པའི་གོ་སྐབས་ཐོབ་ཅེས་བྲིས་འདུག འཆམ་ནི་སྤྱི་ལོ་2009ལོར། ཁུལ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ཁྲོད་འཇུག་པའི་ཆོག་མཆན་གནང་། དེ་ནས་བཟུང་སྟེ། ཁུལ་དང་རྫོང་ཡུལ་ཤོག་རིམ་པས་མ་དངུལ་མང་པོོར་བཏང་ནས། ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་འཆམ་གྱིས་མཚོན་པའི་དམངས་ཁྲོད་རིག་གནས་རྒྱུན་འཛིན་བྱས། 2015ལོར། འབྲོང་ཚང་ཡུལ་ཚོའི་སློབ་ཆུང་གི་སློབ་མ་རྣམས་ཀྱིས་འཁྲབ་བྱ་གཙོ་བོ་ཞིག་ཏུ་གྱུར།
        འབྲོང་ཚང་ཡུལ་ཚོའི་ཏང་ཨུ་ཧྲུའུ་ཅི་ཕན་ཁྲའོ་ཡུང་གིས། འཆམ་ནི་འབྲོང་ཚང་ཡུལ་ཚོའི་ཁྱད་ནོར་ཞིག་ཡིན་ཞིང་། གཞུག་ཕྱོགས་ཀྱི་འཕེལ་རྒྱས་ལམ་བུ་ཁྲོད་ནས་ང་ཚོས་ཧུར་ཐག་འབད་ཐག་གིས་འཆམ་གྱི་རིག་གནས་ཁྱབ་རྒྱ་ཆེར་བཏང་སྟེ། སློབ་གསོའི་རྨང་གཞི་འཕེལ་རྒྱས་གཏོང་བར་ཆ་རྐྱེན་བསྐྲུན་དགོས་ཞེས་བཤད་དོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1