旦巴嘉措,出生在西藏那曲,1973年因家庭生活所迫搬迁至青海玉树定居,毕生从事教师职业,2005年退休后被玉树多所中学聘用任教藏文书法至今。多次获州级、省级荣誉称号。
代表作品有《帮公寺院的历史书》、《哈秀寺院历史书》、《嘎阿扎白塔的简介》;出版的书法作品有《初中高中所需藏文书法》、青海民族出版社发行的《书法甘露》和长达15米的《佛子行三十七颂》等。
བཞད་པ་བསྟན་པ་རྒྱ་མཚོ་ནི་སྤྱི་ལོ་1947ལོར་བོད་ལྗོང་གཞིས་རྩེ་མཐོང་སྨོན་དུ་སྐུ་འཁྲུངས་ཤིང་། སྐུ་ན་ཆུང་དུས་ནས་བོད་ཡིག་འབྲི་ཀློག་ལ་སྦྱངས་པ་མཛད། སྤྱི་ལོ་1968ལོ་བར་བགྲང་བྱ་བཅུ་གསུམ་ཙམ་རིང་བོད་ཀྱི་སྐད་ཡིག་ཁོ་ན་ལ་སྦྱང་བའི་དུས་ཡུན་ནང་ཡིག་བྲིས་ལ་མཁས་པའི་ནག་ཆུ་ཨ་མདོ་ཤོག་ཆུང་དགོན་པའི་དབུ་མཛད་རྒན་དབང་ཕྱུག་ལགས་དང་། རྒན་རྣམ་རྒྱལ་ལགས་སོགས་སྨྱུག་འཛིན་མཁས་དབང་དུ་མའི་ཞབས་ལ་བཏུགས་ནས་བོད་ཀྱི་ཡི་གེའི་བྲིས་གཟུགས་ལ་སྦྱངས་པ་མཐར་ཕྱིན་བགྱིས་པ་དང་མཉམ་དུ་ཐོགས་མེད་རིན་པོ་ཆེ་ཐུབ་བསྟན་ངག་དབང་བསྟན་འཛིན་དཔལ་བཟང་པོ་སྐུ་ཕྲེང་གསུམ་པའི་སྐུ་མདུན་ནས་སྙན་ངག་དང་སུམ་རྟགས་སོགས་ལ་སྦྱངས་པ་བགྱིས། སྤྱི་ལོ་1973ལོར་ཁྱིམ་ཚང་མཚོ་སྔོན་ཡུལ་ཤུལ་ཨ་ཁྲོ་རྒྱས་ར་སྡེ་བར་གནས་སྤོས་ཏེ་དགེ་བའི་བཤེས་མཉེན་གྱི་ཕྱག་ལས་མཛད། སྤྱི་ལོ་2004ལོའི་ལོ་འཇུག་ཏུ་ལས་འཁྱུར་ངལ་གསོ་བགྱིས་ཡང་གདན་ཞུས་ལྟར་ཁུལ་སློབ་འབྲིང་ཁག་ཅིག་གི་བོད་ཡིག་ཡིག་གཟུགས་དགེ་རྒན་གྱི་འགན་བཞེས་གནང་། ཁོང་གི་ཡིག་གཟུགས་སྒྱུ་རྩལ་བརྩམས་ཆོས་ལ་སྔ་གཞུག་ཏུ་ཁུལ་དང་ཞིང་ཆེན་རིམ་པའི་བྱ་དགའ་དུ་མ་གནང་ཡོད།
དེ་བཞིན་དཔར་སྐྲུན་བྱས་པའི་སློབ་གྲྭ་ཆེ་འབྲིང་ལ་མཁོ་བའི་བོད་ཀྱི་ཡིག་གཟུགས་དཔེ་དེབ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི་《ཡིག་གཟུགས་མིག་གི་བདུད་རྩི།》ཞེས་པ་དང་། ལྷག་པར་རིང་ཚད་སྨི་40ལྷག་ཙམ་ཡོད་པའི་བོད་ཀྱི་ཡིག་གཟུགས་སྣ་ཚོགས་ཀྱི་ཞལ་ཐང་《གངས་ཅན་མཛེས་པའི་རྒྱན་གྱུར་གཟབ་གཤར་ཡི་གེའི་སྣང་བརྙན།》ཞེས་པ་དང་། སྨི་བཅོ་ལྔ་ལྷག་ཙམ་ཡོད་པའི་《རྒྱལ་སྲས་ལག་ལེན་སོ་བདུན་མ།》གསེར་བྲིས་ཞལ་ཐང་གསུམ་དང་དཔེ་དེབ་གཅིག་བཅས་དཔར་སྐྲུན་བྱས། དེ་བཞིན་《ཨ་ཁྲོ་འབུམ་སྒང་ཐེག་ཆེན་གླིང་གི་ལོ་རྒྱུས་གཏམ་གྱི་ཕྲེང་བ་བསྐལ་བཟང་རྣ་བའི་བདུད་རྩི།》ཞེས་པ་དང་《ཧ་ཤུལ་དགའ་ལྡན་བཤད་སྒྲུབ་ཐར་པ་གླིང་གི་གདན་རབས་ལོ་རྒྱུས།》 《ཧ་ཤུལ་ཇོ་མོ་དགོན་དགའ་ལྡན་མཁའ་སྤྱོད་བདེ་འགྲོ་བསམ་གཏན་གླིང་གི་ལོ་རྒྱུས།》 《སྒ་ཨ་གྲགས་མཆོད་རྟེན་དཀར་པོའི་གནས་བཤད།》སོགས་དཔེ་དེབ་མང་དག་ཅིག་དཔར་ཡོད། ལྷག་པར་དུ་ཁོང་གིས་བྲིས་པའི་ཡིག་གཟུགས་ཞལ་ཐང་། ཨ་རི་དང་རྒྱ་གར། རྒྱལ་ནང་གི་ས་གནས་མང་པོར་ཁྱབ་ཡོད་པས་སྨྱུག་ཐོག་མཁས་དབང་རྣམས་པས་བསྔགས་བརྗོད་དང་ཚད་མཐོའི་གདེང་འཇོག་ཐོབ་བཞིན་ཡོད། ད་ལྟ་ཁོང་དགུང་ལོ་བདུན་ཅུར་ཉེ་ཡང་ད་དུང་མུ་མཐུད་དུ་སློབ་ཁྲིད་ཀྱི་བྱ་བ་སྒྲུབ་བཞིན་པ་དང་ཞོར་དུ་དགོན་སྡེ་ཁག་གི་བླ་སྤྲུལ་དང་གྲྭ་བཙུན། དགེ་རྒན། སློབ་ཕྲུག་བཅས་ལ་བོད་ཀྱི་ཡིག་གཟུགས་སོགས་སློབ་ཁྲིད་གནང་དང་གནང་བཞིན་ཡོད་དོ། །