ཕུལ་བྱུང་མདོ་འཛིན་མ་དབང་ཆེན་ལྷ་མོ་དང་མོའི་མདོ་འཛིན་ལམ་བུ།

རྣམ་དཀར་ལྷ་མོ། དབང་ཆེན་ལྷ་མོས་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 10-11



    翁切拉姆,四川甘孜县人,2009毕业于中央民族大学获得藏族文化学学士、硕士学位,同年进入康巴藏语卫视成为一名节目主持人。先后主持《拉姆报天气》、《康巴欢乐汇》等栏目,同时也担任《法制明镜》、《快乐汉藏语》等栏目的部分配音工作,现为《康巴欢乐汇》栏目制片人及主持人。

获2013年《康巴欢乐汇》电视播音主持类一等奖,第五届(2014)全国春节电视文艺节目“春晚奖”创优最佳主持人奖;2015年被评为四川电视台“十佳”主持人。

        ཉེ་ཆར། ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་མ་དབང་ཆེན་ལྷ་མོར་སི་ཁྲོན་བརྙན་འཕྲིན་ཁང་གི་2015ལོའི་ཕུལ་བྱུང་མདོ་འཛིན་མའི་བྱ་དགའ་ཐོབ་པར་ཕྱོགས་སོ་སོས་དགའ་བསུ་ཆེན་པོ་བྱས། ལོ་ངོ་བདུན་གྱི་རིང་མདོ་འཛིན་ལམ་བུ་རུ་མོས་དཀའ་སྤྱད་དང་རྒྱུན་འཁྱོངས་མ་དོར་བར་གོམ་པ་རེ་རེ་བཞིན་རང་གི་ཕུགས་འདུན་ལ་འཚོལ་སྙེག་བྱས་ཤིང་། འབྲས་བུའང་གཡུར་དུ་ཟ་བ་སྨིན།

སྔོན་གྱི་གནས་ཚུལ།

        དབང་ཆེན་ལྷ་མོ་ནི་ཕ་ཡུལ་ཁམས་དཀར་མཛེས་དུང་སྐོར་ལུང་པའི་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་འཚར་ལོངས་བྱུང་། 2003ལོར་རང་གི་ཨ་ཅེ་དང་མཉམ་དུ་ཁུལ་ཡོངས་ཀྱི་མཐོ་རྒྱུགས་བསྡོམས་སྐར་ཨང་དང་པོ་དང་ཨང་གཉིས་པའི་སྦྱང་འབྲས་ཀྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་སློབ་གཉེར་གྱི་གོ་སྐབས་རྙེད་ཅིང་བོད་རིག་གནས་ཀྱི་རབ་འབྱམས་པའི་བསླབ་གནས་ཐོབ།

        མོ་རང་ཆུང་དུས་སུ་ཨ་མའི་གནའ་གཏམ་ལ་ཉན་པར་ཤིན་ཏུ་དགའ། རྗེས་སུ་སློབ་ཆུང་འགྲིམ་སྐབས་ཨ་ཅེ་དང་མཉམ་དུ་ཨ་ཕས་ལས་ཀ་གཉེར་སའི་རྫོང་ཐོག་ཏུ་འགྲོ་དགོས་བྱུང་། སྐབས་དེར་ཨ་མ་དང་ཁ་བྲལ་ཞིང་ལྷག་པར་དུ་ཨ་མའི་གནའ་གཏམ་ཡང་ཉན་རྒྱུ་མེད་པའི་མཚན་མོ་ལྷག་ཏུ་རོལ་དཀའ་བས་ཨ་ཕས་མོ་ལ་སྒྲ་སྒམ་ཆུང་ཆུང་ཞིག་ཉོས། དུས་དེ་ནས་བཟུང་མོ་རང་གཏམ་རྒྱུད་ཉན་པར་དགའ་བ་མ་ཟད་ང་རང་གིས་ཀྱང་དུས་ནམ་ཞིག་ལ་གཏམ་རྒྱུད་བཤད་པ་པོ་ཞིག་འགྱུར་བའི་འདུན་པ་བརྟན་པོར་སེམས་སུ་འཁོར།

ད་ལྟའི་ལས་ཀ

        2009ལོར་སི་ཁྲོན་ཁམས་པའི་བོད་སྐད་བརྙན་འཕྲིན་ཁང་གསར་སྒྲུབ་བྱེད་པའི་སྐབས་སུ། མོ་ཡང་ཏག་ཏག་སློབ་མཐར་ཕྱིན་པས་ཁམས་པའི་བརྙན་འཕྲིན་ཁང་གི་ཕ་སྐད་མདོ་འཛིན་མ་ཞིག་ཏུ་གྱུར། སྔ་གཞུག་ཏུ་《ལྷ་མོའི་གནམ་གཤིས་ཁང་།》དང་《ཁམས་པའི་དགའ་ཚལ།》སོགས་ཀྱི་ལེ་ཚན་གཙོ་སྒྲུབ་བྱས་ཤིང་། དུས་མཚུངས་སུ་《ཁྲིམས་ལུགས་ཀུན་གསལ་མེ་ལོང་།》དང་《སྐད་གཉིས་སློབ་ར།》སོགས་ལེ་ཚན་གྱི་སྒྲ་སྦྱོར་ལས་ཀ་བསྒྲུབས། ད་ལྟར་《ཁམས་པའི་དགའ་ཚལ།》ལེ་ཚན་གྱི་གཙོ་སྐྱོང་བ་དང་མདོ་འཛིན་གྱི་འགན་ཁུར་བཞིན་ཡོད།

གྲུབ་འབྲས་བདམས་བཀོད།

        2013ལོར་《ཁམས་པའི་དགའ་ཚལ།》ལས་བརྙན་འཕྲིན་རྒྱང་སྒྲོག་མདོ་འཛིན་ལས་རིགས་ཀྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་དཔྱད་བསྡུར་ཚོགས་འདུ་དང་ཐེངས་ཉེར་དགུ་པའི་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་ཕུལ་བྱུང་ལེ་ཚན་སྤེལ་རེས་ཚོགས་འདུ་རུ་བརྙན་འཕྲིན་རྒྱང་སྒྲོག་མདོ་འཛིན་བྱ་དགའ་ཨང་དང་པོ་ཐོབ། 2014ལོར་སྐབས་ལྔ་པའི་རྒྱལ་ཡོངས་དཔྱིད་གསར་བརྙན་འཕྲིན་རིག་རྩལ་ལེ་ཚན་གྱི་དཔྱིད་གསར་རྟགས་མའི་གསར་གཏོད་ཕུལ་བྱུང་མདོ་འཛིན་པའི་བྱ་དགའ་ཐོབ།

        2015ལོར་སི་ཁྲོན་བརྙན་འཕྲིན་ཁང་གི་ཕུལ་བྱུང་མདོ་འཛིན་མའི་བྱ་དགའ་ཐོབ།

        མོས་བཤད་རྒྱུར། བརྙན་འཕྲིན་མདོ་འཛིན་ལས་རིགས་ནི་ངའི་མི་ཚེའི་ཁྲོད་ཀྱི་རེ་སྙེག་དང་མདུན་སྐྱོད་བྱེད་སྟངས་ཤིག་སྟེ། གར་སྟེགས་འདི་བརྒྱུད་ནས་ཡར་ཐོན་གྱི་ཕྱོགས་ལ་མུ་མཐུད་དུ་བརྩོན་ངེས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1