གཅིག
ཆར་པ་བབས་ཐེངས་རེ་ལ།
རྭ་སྒྲེང་གཙང་པོའི་རླབས་སྒྲ་ལ་ཤིན་ཏུ་ཉན་སྙིང་འདོད་པས།
ང་ལ་གཤོག་སྒྲོ་ཞིག་ཐོགས་ཡོད་ན།
རླུང་བུའི་རྒྱུ་ཕྱོགས་ལའང་ཕ་ཡུལ་གྱི་སྤང་ཁུག་ལ་སླེབས་སྲིད་ལ།
དེ་དུས་ངས་གཙང་པོ་ལ་འཐིམས་པའི་འཇའ་ཚོན་ལའང་།
ལག་སྙོབ་ཐེངས་མང་བྱེད་སྲིད།
གཉིས།
ལྷ་སའི་དབྱར་ལྗོངས་འདིས་ཀྱང་།
སེམས་ཁ་ལ་ནེམ་ཤ་རེ་མ་སྦྱིན་པས།
རྭ་སྒྲེང་གི་རྒྱབ་རིའི་རྩེ་མོ་ནས་སྤྲིན་པ་ལེབ་མོ་ཞིག
གྲིབ་ཡོལ་དུ་འཁྱེར་ཡོང་ན།
དེ་ནི་ངའི་བདེ་བ་ཡིན་སྲིད།
གསུམ།
ཕ་ཡུལ་ལ་མ་སླེབས་པའི་ལོ་ཟླ་འདི་དག་རིང་།
ཕ་ཡུལ་གྱི་ངོ་གདོང་ལ་རི་མོ་སྣ་ཚོགས་བྲིས་འདུག་ཟེར།
འོན་ཀྱང་ཕ་ཡུལ་གྱི་བྱིས་པ་ཚོ་ལག་ཆགས་དུས།
ཕ་ཡུལ་སྔར་བཞིན་མཛེས་སྡུག་དང་བརྗིད་ཆགས་ཀྱིས་གནས་སྲིད་སྙམ།
བཞི།
ཕ་ཡུལ་ལ་ཁུ་བྱུག་སླེབས་དུས།
བྱིས་པ་ཚོར་དབྱངས་བརྡ་སྐྱོར་རོགས་བྱེད་ལ།
ཡུལ་མི་ཚོར་སེམས་གསོའང་གཏོང་རོགས་བྱེད་ངེས།
དེ་ནི་ཁུ་བྱུག་ཕ་ཡུལ་ལ་ཡོང་བའི་རྒྱུ་མཚན་ཡིན།
ལྔ།
ཁ་སང་།
ཕ་ཡུལ་གྱི་ཁུ་བྱུག་སྐྱིད་ཆུའི་ངོགས་ནས་འཕུར་དུས།
ང་ལ་བརྩེ་བ་གསོན་པོ་ཞིག་གི་བྱིན་བརླབས་བསྩལ་བས།