གསོ་རིག་ལྟར་སྨན་པའི་མཛུབ་སྟོན་འོག་མི་དར་མས་ཉིན་རེར་ཚད་ངེས་ཅན་གྱི་འཚོ་བཅུདEབསྟེན་པ་ན། ནད་གཞི་མང་པོ་སྔོན་འགོག་དང་གསོ་བཅོས་བྱེད་ཐུབ། དེའི་རྒྱུ་མཚན་ནི་འཚོ་བཅུདEདང་མིའི་ལུས་སྟེང་གི་ཕྲ་ཕུང་པགས་ཚིལ་སྤྲི་དཀར་གྱི་ཚད་མ་ལོངས་པའི་ཚིལ་སྐྱུར་རྙིང་ཚབ་གསར་བརྗེ་བྱེད་པ་དང་འབྲེལ་བ་དང་། དེ་ལ་དབྱང་འགྱུར་འགོག་པའི་ནུས་པ་ལྡན་པས་ཕྲ་ཕུང་པགས་པ་སྣ་ཚོགས་ཀྱི་ཁ་ཚང་རང་བཞིན་ལ་ཕན་པ་ཡིན། དེས་ན་ཡུན་རིང་ལ་འཚོ་བཅུདEབསྟེན་ན་ལུས་ཕུང་ལ་གནོད་པ་ཡོད་དམ་ཞེ་ན། ཡོད་དེ། གལ་སྲིད་འཚོ་བཅུདEགྲངས་ཚད་མང་ཞིང་ཡུན་རིང་ལ་བསྟེན་ན། མགོ་ན་བ་དང་མགོ་ཡོམ་འཁོར་བ། ཞེན་ཁ་ལོག་པ་དང་སྐྱུག་རྒྱུ་ཡོང་བ། ཐང་ཆད་པ། ཁོག་པ་བཤལ་བ་དང་སྦོས་བ་སོགས་དང་། སྐྱི་པགས་ལ་ཟ་འཕྲུག་ལངས་པ་དང་པགས་ཚད་ནད་སོགས་དང་། བུད་མེད་ཀྱི་ཟླ་མཚན་མང་བ་དང་འགག་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད་པ་ཡིན། དེའི་ཕྱིེར་འཚོ་བཅུདEགྲངས་ཚད་མང་པོའི་སྒོ་ནས་ཡུན་རིང་ལ་བསྟེན་ན་མི་ལེགས་པས་འོས་འཚམ་ཙམ་བསྟེན་དགོས་པ་ཡིན།
འཚོ་བཅུད་བག་མེད་དུ་ཁ་གསབ་བྱས་ན་ལུས་ཕུང་ལ་གནོད་པ་ཡིན། མི་ལ་ལ་ཞིག་གིས་འཚོ་བཅུད་ནི་ཚེ་སྲོག་ལ་ངེས་པར་དགོས་པའི་དངོས་རྫས་ལ་ངོས་བཟུང་སྟེ་གང་འདོད་དུ་མང་པོ་བསྟེན་པར་དགའ་ཞིང་། དོན་དངོས་སུ་འཚོ་བཅུད་ཟོས་པ་མང་དྲགས་ན་སྐྱེ་ཁམས་ཀྱི་བྱེད་ནུས་འཁྲུག་འགྲོ་བ་ཡིན། ལྷག་པར་དུ་ཡུན་རིང་ལ་ཚིལ་ཞུན་ཅན་གྱི་འཚོ་བཅུདAདངD། EདངKསོགས་མང་པོ་ལུས་སུ་བསྡུ་ལེན་བྱས་ན་འཚོ་བཅུད་ཀྱི་དུག་ཕོག་སྲིད་པ་ཡིན། ཞིབ་འཇུག་གི་འབྲས་བུ་ལྟར་ན། འཚོ་བཅུདAམང་པོ་ཟོས་པ་ཡིན་ན་ཚད་ལས་འདས་པའི་ངར་ལངས་པ་དང་ཡི་ག་མི་འབྱེད་པ། རུས་མགོ་ན་བ་དང་འགུལ་སྐྱོད་དཀའ་བ། མགོ་སྐྲ་ཉུང་བ། མཆིན་པ་སྦོས་པ། ཤ་གནད་རེངས་པ། སྐྱི་པགས་ལ་ཟ་འཕྲུག་འབྱུང་བ་སོགས་ཀྱི་ནད་རྟགས་བྱུང་ནས་ཁྲག་སྤྲི་ཇེ་མཐོར་འགྲོ་བ་དང་། ཁྲག་ཤེད་མཐོ་བ། འཕར་རྩ་སྲ་འགྱུར་བཅས་ཀྱི་ནད་འབྱུང་བ་ཡིན། འཚོ་བཅུདDམང་པོར་བསྟེན་ན། ལུས་སྟེང་གི་ཀའེ་ལིན་གྱི་རྙིང་ཚབ་གསར་བརྗེ་བྱེད་པའི་བྱེད་ནུས་འཁྲུག་འགྲོ་བ་དང་། ཀའེ་རྫས་མང་པོ་ཕུང་གྲུབ་ནང་བསག་པས་སྙིང་དང་མཆིན་པ། མཁལ་མ་བཅས་ཀྱི་བྱེད་ནུས་ལ་གནོད་པ་ཡིན། འཚོ་བཅུདCམང་དྲགས་ན། ཁྲག་གི་སྐྱུར་ཚྭའི་སྙོམ་ཆ་དཀྲུགས་སྲིད་པས་སྐྱུར་མང་དྲགས་པ་དང་ཕོ་རུལ་གྱི་ནད་སོགས་འབྱུང་བ་ཡིན། །