མཆོད་རྟེན་གྱི་ཞིང་ཁམས། འབར་མ།

ཚེ་བརྟན་དཔལ། ཤེས་བྱས་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 10-14


        缅甸位于中南半岛西部。国名梵文意为“坚强、勇敢”,全称为缅甸联邦。国内佛寺、佛塔众多,有“万塔之国”之称。面积67.658万平方千米。共有135个民族,以缅族为主,约占总人口的65%,其他有克伦族、掸族、克钦族等。居民多信奉佛教。首都为内比都(Nay Pyi Taw)。缅甸以优美的自然风光、悠久的佛教文化、诸多的佛教寺院、著名的仰光大金塔、独特的地质地貌而著称于世。

ཕུའུ་ཀན་གྱི་གནའ་བོའི་མཆོད་རྟེན་གྱི་མཛེས་ཉམས།
蒲甘的古佛塔群

        འབར་མ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་སྟེ་བསྡུས་མིང་ལ་འབར་མ་ཞེས་འབོད་པ་ནི་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཅིག་ཡིན་ལ། འབར་མའི་ནུབ་བྱང་གི་མཐའ་མཚམས་རྒྱ་གར་དང་བྷང་ག་ལར་འབྲེལ་ཞིང་། བྱང་ཤར་གྱི་མཐའ་མཚམས་ཀྲུང་གོ་དང་འབྲེལ། ཤར་ལྷོའི་མཐའ་མཚམས་ཐེ་ལན་ད་དང་ལི་སིར་འབྲེལ་ཡོད། འབར་མའི་རྒྱལ་ས་ནི་གྲོང་ཁྱེར་ནིའུ་པེའུ་ཏོའོ་ཡིན་ལ། འབར་མའི་སྐད་ནི་རྒྱ་བོད་སྐད་ཁོངས་ཀྱི་བོད་འབར་སྐད་ཁོངས་ཀྱི་ཁོངས་སུ་གཏོགས། འབར་མ་ནི་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ཏེ། བསྡོམས་པའི་མི་རིགས་135ཡོད་པ་རེད། འབར་མར་ནང་བསྟན་དང་འབྲེལ་བའི་མཆོད་རྟེན་དང་དགོན་པ་མང་བས་ཀུན་གྱིས་མཆོད་རྟེན་གྱི་ཞིང་ཁམས་ཞེས་འབོད་བཞིན་མཆིས། འབར་མ་དང་ཐེ་ལན་དི། སིང་ག་ལ་གསུམ་ནི་ཉན་ཐོས་རྩ་བའི་སྡེ་བཞིའི་ནང་གསེས་ཏེ་གནས་བརྟན་པའི་སྡེ་ཆེས་ཆེར་དར་བའི་རྒྱལ་ཁབ་གསུམ་ལ་ངོས་འཛིན་བྱེད། 1992ལོར་རྟོག་ཞིབ་བྱས་པ་ལྟར་ན། འབར་མའི་དམངས་ཡོངས་ལས་བརྒྱ་ཆའི་དགུ་བཅུས་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་བཞིན་ཡོད་པ་རེད། དེ་ཕྱིན་དེང་སྐབས་ཀུན་ལ་འབར་མ་རྒྱལ་ཁབ་ཀྱི་མི་ཡིན་ཚེ་ངེས་པར་དུ་ནང་ཆོས་ལ་དད་མོས་བྱེད་མཁན་ཞིག་ཡིན་པའི་འདུ་ཤེས་འཛིན་སྟངས་ཤིག་གྲུབ་ཡོད།


འབར་མའི་རབ་བྱུང་བ།
僧侣与佛塔

        འབར་མ་ནི་ནང་བསྟན་ཆེས་ཆེར་དར་བའི་རྒྱལ་ཁབ་ཅིག་ཡིན་ལ། སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་ཐེག་དམན་འབར་མ་རུ་དར་མགོ་བརྩམས། དུས་རབས་བཅུ་གཅིག་གི་སྐབས་སུ་ནང་ཆོས་འབར་མའི་དམངས་མི་ཡོངས་ཀྱིས་ཁས་ལེན་ཐོབ་པའི་ཆོས་ལུགས་ཤིག་ཏུ་གྱུར་ཞིང་། རྗེས་སུ་ནང་ཆོས་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་བདམས་པ་རེད།


ཕུའུ་ཀན་གྱི་གནའ་བོའི་མཆོད་རྟེན་གྱི་མཛེས་ཉམས།
千年古塔

        འབར་མའི་མི་རྣམས་སྦྱིན་གཏོང་ལ་སྤྲོ་ཞིང་དགེ་སྦྱོར་ལ་མོས། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུའང་འབར་མའི་མི་རྣམས་ཀྱིས་མུ་གེ་དང་ནད་ཡམས། རང་བྱུང་གནོད་འཚེ་སོགས་ཀྱིས་མནར་བའི་ས་ཁུལ་དང་མི་སྒེར་གང་རུང་ལ་དངོས་རྒྱུ་གང་རུང་གིས་ཞལ་འདེབས་ཕུལ་བ་དང་སྦྱིན་པ་གཏོང་བའི་སྣང་ཚུལ་མཐོང་ཐུབ་པ་མ་ཟད། འབར་མའི་མི་རྣམས་ཀྱིས་སྤྱི་གླིང་དང་མི་ཚོགས་ཀྱི་འདུ་ལོང་རྒོད་པའི་གནས་དག་ཏུ་ཆུ་དང་ཇ་ཕོར་སོགས་བཀོད་སྒྲིག་བྱས་ཏེ་སྐོམ་གདུང་གིས་མནར་བའི་མི་དག་ལ་འཐུང་ཆུ་འདོན་སྤྲོད་བྱེད་ཅིང་། ལྷག་བསམ་ལས་འཁྲུངས་པའི་སྦྱོར་བ་འདིས་མི་དང་མིའི་འབྲེལ་འདྲེས་དང་མི་དང་རང་བྱུང་གི་འབྲེལ་བར་འཆམ་མཐུན་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་རེད། འབར་མའི་སྤྱི་གླིང་དང་མཆོད་རྟེན། དགོན་པ་སོགས་བཞེངས་བསྐྲུན་མ་དངུལ་གྱི་ཡོང་ཁུངས་གཙོ་བོ་ནི་དམངས་ཚོགས་ཀྱི་ཞལ་འདེབས་ཡིན་ལ། འབར་མའི་མི་རྣམས་ཀྱིས་སྦྱིན་གཏོང་ནི་ཚེ་འདིའི་ཚོགས་གསོག་སྒྲིབ་སྦྱོང་གི་གོ་སྐབས་བཟང་པོ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།


ཕུལ་བྱུང་གི་གནའ་བོའི་མཆོད་རྟེན་གྱི་བཟོ་བཀོད།
古塔建筑群

        འབར་མ་ནི་ཆོས་ལུགས་འདུ་ཤེས་ཤིན་ཏུ་ཟབ་པའི་རྒྱལ་ཁབ་ཅིག་ཡིན། ཆོས་ལུགས་བསམ་བློ་འབར་མའི་མི་རྣམས་ཀྱི་མི་ཚེ་འདེམས་གསེས་དང་འཚར་ལོངས་ཀྱི་གོ་རིམ་དང་དམ་དུ་འབྲེལ་ཡོད་དེ། འབར་མའི་ཁྱིམ་ཞིག་ཏུ་བུ་ཞིག་སྐྱེས་ནས་ལོ་ན་ངེས་ཅན་ཞིག་ལ་སོན་རྗེས་ངེས་པར་དུ་དགོན་པར་ཞུགས་དགོས། དགོན་པར་ཞུགས་ཚེ་ད་གཟོད་ནར་སོན་པའི་མཚོན་རྟགས་ཤིག་ཏུ་ངོས་འཛིན་བྱེད་སྲིད་ལ། ཆུང་དུས་དགོན་པར་ཞུགས་མྱངས་པ་དག་ད་གཟོད་གཉེན་སྒྲིག་ཁྱིམ་སྐྱོང་ལ་དངོས་སུ་གཞུག་ཆོག དགོན་པར་ཞུགས་པའི་དུས་ཚོད་ནི་ལོ་བཅུའི་མན་ཡིན་དགོས་ལ། དུས་ཡུན་ལ་ངེས་གཏན་མེད་པར། རང་ཉིད་ཀྱི་འདོད་མོས་ལྟར་དགོན་སྡེ་ཁག་ནས་དུས་ཚོད་གང་རུང་ལ་བསྡད་ཆོག

འབར་མའི་སྲོལ་རྒྱུན་དུས་ཆེན་ཏེ་ཆུ་རྩེད་དུས་ཆེན།
缅甸传统节日——泼水节

        དབྱངས་ཀང་མཆོད་རྟེན་ཆེན་མོ་ནི་འཛམ་གླིང་ན་མིང་དུ་གྲགས་པའི་མཆོད་རྟེན་ཆེན་པོ་ཞིག་ཡིན་པ་མ་ཟད། འབར་མ་རྒྱལ་ཁབ་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཏུའང་གྱུར་འདུག འབར་མའི་གཞི་སྡོད་དམངས་མིས་དེ་ལ་རུའུ་ཀང་མཆོད་རྟེན་ཆེན་མོ་ཞེས་འབོད་པ་རེད། དབྱངས་ཀང་མཆོད་རྟེན་ཆེན་པོ་ནི་ཤར་ཕྱོགས་སྒྱུ་རྩལ་གྱི་ཉིང་བཅུད་དུ་ངོས་འཛིན་བྱེད་ལ། ལོ་རྒྱུས་ཡིག་ཚགས་ལྟར་ན་མཆོད་རྟེན་ཆེན་མོ་འདི་སྤྱི་ལོ་585ལོར་བཞེངས་བསྐྲུན་བྱས་པ་དང་། མཆོད་རྟེན་འདིའི་གཟུངས་གཞུག་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་དབུ་སྐྲ་ཡིན་པར་སྐད། མཆོད་རྟེན་གྱི་མཐོ་ཚད་ལ་སྨི་99.36དང་མཆོད་རྟེན་གྱི་རྨང་གི་སྐོར་མཐའི་རིང་ཚད་ལ་སྨི་2285.2ཡོད། མཆོད་རྟེན་གྱི་རྩེ་ལ་གསེར་མདོག་གི་གདུགས་ཆེན་ཞིག་བསྐྲུན་ཡོད་ལ། ཉི་འོད་ཀྱི་ཀློང་ན་མཛེས་སྡུག་གི་འོད་ཟེར་ཕྱོགས་བཞིར་འཕྲོ་ཞིང། དྲིལ་ཆུང་གི་འགྱུར་ཁུགས་བསིལ་རླུང་དང་བསྡོངས་ནས་རྒྱང་དུ་མཆེད་བཞིན་མཆིས།


        འབར་མའི་མི་རྣམས་ཀྱི་ཁ་ཕྱོགས་ངོས་འཛིན་ལ་དམིགས་བསལ་གྱི་འདུ་ཤེས་འཛིན་སྟངས་ཤིག་ཆགས་ཡོད་ལ། འདུ་ཤེས་འཛིན་སྟངས་འདིའང་ཆོས་ལུགས་བསམ་བློ་དང་འབྲེལ་བ་ངེས་ཅན་ཡོད། འབར་མའི་མི་རྣམས་ཀྱིས་ཤར་ཕྱོགས་ནི་བཀྲ་ཤིས་དང་དགེ་མཚན་མཚོན་པའི་ཁ་ཕྱོགས་ཤིག་ཏུ་ངོས་འཛིན་བྱེད། དེ་རྒྱུ་མཚན་ནི་ཤར་ཕྱོགས་ནི་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་གནས་མཆོག་ཅིག་ཏུ་ངོས་འཛིན་བྱེད་པས་ཡིན་ལ། ཁོ་ཚོ་དགོང་མོ་གཉིད་ལ་རོལ་སྐབས་ཀྱང་མགོ་བོར་ཤར་ཕྱོགས་ལ་གཏད་དེ་གཉིད་པའི་སྲོལ་ཡོད། ། 

ཁྱད་ཆོས་ལྡན་པའི་འབར་མའི་རྒྱན་གོས།
独具特色的服饰文化



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1