སྐར་མ་མིག་དམར་སྟེང་ཚེ་སྲོག་ཡོད་དམ།

དབང་ཆེན་གྱིས་བསྡུས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 10-17


སྐར་མ་མིག་དམར་སྟེང་འཚོལ་ཉུལ་བྱེད་བཞིན་པའི་ཁྱད་མཚར་རྟགས་ཅན་གྱི་འདྲ་རིས། ཤེས་བྱས་པར་མཁོ་འདོན་བྱས།

在火星上独自探索的“好奇号”自画像 图/西夏提供

དྲང་མོར་བཤད་ན། དྲི་བ་དེར་ཚན་རིག་མཁས་ཅན་སྐར་མ་མིག་དམར་གྱི་སྟེང་དུ་དངོས་སུ་སོང་ནས་ཞིབ་འཇུག་བྱེད་ན་མ་གཏོགས་ང་ཚོས་ནམ་ཡང་ཤེས་མི་ཐུབ། འོན་ཀྱང་མིག་སྔར་ང་ཚོས་ཁོང་དུ་ཆུད་པའི་ཤེས་བྱ་ལ་བལྟས་ན་སྐར་མ་མིག་དམར་སྟེང་ཚེ་སྲོག་ཡོད་པའི་རེ་བ་ཡོད། སྐར་མ་མིག་དམར་གྱི་རྩད་དཔྱད་འཕྲུལ་ཆས་གྲུ་པ་ཨང་དགུ་པས་སྐར་མ་མིག་དམར་གྱི་སྟེང་ཕྱོགས་སྤྱི་ལེ་1600ཡིས་ས་ནས་སྐར་མ་མིག་དམར་གྱི་ས་ཁོངས་ཡོངས་ལ་ལྟ་ཞིབ་བྱེད་ཀྱང་ཚེ་སྲོག་གི་ཤུལ་སྣང་གང་ཡང་མཐོང་མེད། འོན་ཀྱང་གལ་སྲིད་མཐོ་ཚད་གཅིག་པ་དང་ཐབས་ཤེས་གཅིག་པ་སྤྱད་དེ་སའི་གོ་ལར་ལྐོག་ཏུ་ལྟ་ཞིབ་བྱས་ན་ཡང་ཚེ་སྲོག་གི་ཤུལ་སྣང་མཐོང་མི་ཐུབ།

སྐར་མ་མིག་དམར་གྱི་རླུང་ཁམས་ཆེན་པོ་ཧ་ཅང་སྲབ་སྟེ། སའི་གོ་ལའི་རླུང་ཁམས་ཆེན་པོའི་འདུས་ཚད་ཀྱིི་བརྒྱ་ཆ་གཅིག་ཙམ་ལས་མེད་པར་མ་ཟད། དེའི་གྲུབ་ཆ་ཕལ་ཆེར་ཚང་མ་དབྱང་གཉིས་ཐེན་རྫས་ཡིན། དེའི་མི་ཚད་ཉི་མ་དང་སྐར་མ་མིག་དམར་གྱི་བར་ཐག་ནི་ཉི་མ་དང་སའི་གོ་ལའི་བར་ཐག་གི་ལྡབ་གཅིག་དང་ཕྱེད་ཀ་ཡིན་པས་དེའི་སྟེང་གི་དྲོད་ཚད་ནི་ས་གོ་ལའི་ལྷོ་སྣེའི་གླིང་ས་ཁུལ་གྱི་མཚན་གྱི་དྲོད་ཚད་དང་འདྲ་བར་ཧ་ཅང་དམའ་ལ། དེའི་སྣེ་གཉིས་ཀྱི་ས་ཁུལ་གྱི་དྲོད་ཚད་དམའ་བར་དབྱང་གཉིས་ཐེན་རྫས་མཁྲེགས་གཟུགས་སུ་འཁྱགས་ཏུ་བཅུག།

གལ་ཏེ་དམིགས་གསལ་གྱི་སྲུང་སྐྱོབ་བྱ་ཐབས་གང་ཡང་མེད་ན། ཁོར་ཡུག་དེ་འདྲའི་འོག་མིའི་རིགས་འཚོ་ཐབས་བྲལ། དོན་དངོས་སུ་སའི་གོ་ལའི་སྟེང་གི་སྲོག་ཆགས་གང་འདྲ་ཞིག་ཡིན་རུང་དེར་འཚོ་ཐབས་བྲལ་བ་ཞིག་རེད། སྐར་མ་མིག་དམར་སྟེང་ཕྱིན་པའི་སའི་གོ་ལའི་མི་ནི་ཁང་པ་ནང་ངམ་ཡང་ན་ས་འོག་ཕུག་ནང་ཁོ་ནར་འཚོ་དགོས། ཡིན་ནའང་དེས་སྐར་མ་མི་དམར་གྱི་སྟེང་ཆ་རྐྱེན་དེ་དག་ལ་འཕྲོད་ཐུབ་པའི་མཐོ་རིམ་ཚེ་སྲོག་གི་ཚུལ་མེད་པར་སྟོན་ཐུབ་བམ་ཞེ་ན། ཡོད་པའི་གོ་སྐབས་ཧ་ཅང་ཆུང་། ཡིན་ནའང་ཡོང་སུ་འབུད་མི་རུང། འོ་ན་སྟབས་བདེའི་ཚེ་སྲོག་གི་ཚུལ་དཔེར་ན་སྤང་རྩི་ལྟ་བུའི་རིགས་ཀྱིི་རྩི་ཤིང་དང་འབུ་ཕྲའི་རིགས་གི་སྐྱེས་དངོས་ཕྲ་རབ་ཡོད་དམ་ཞེ་ན། ཁོ་ཚོ་ཡོད་པའི་གོ་སྐབས་ཅུང་ཆེ། གཅིག་བྱས་ན་སྐར་མ་མིག་དམར་གྱི་ཁོར་ཡུག་ཁོ་ཚོའི་ངོས་ནས་བཤད་ན་ཧ་ཅང་ཡག་པོ་ཞིག་རེད།    

ཚང་མས་ཤེས་གསལ་ལྟར། འདས་པའི་ལོ་ཟླའི་ནང་མི་རྣམས་ཟླ་བའི་གོ་ལའི་སྟེང་སྟབས་བདེའི་ཚེ་སྲོག་ཡོད་པའི་རེ་བ་བྱེད་བཞིན་ཡོད། ཡིན་ཡང་རེ་བ་དེ་དག་རེ་རེ་བཞིན་སྟོང་པར་གྱུར། སྐར་མ་མིག་དམར་སྟེང་གི་ཆ་རྐྱེན་ཟླ་བའི་སྟེང་ལས་ཡག་པ་ཡོད། ཉི་མ་ནས་སྐར་མ་མིག་དམར་གྱི་བར་ཐག་དེ་ཟླ་བ་ལས་རིང་། ད་དུང་སྲུང་སྐྱོབ་ནུས་པ་དང་ལྡན་པའི་རླུང་ཆེན་རིམ་པ་ཞིག་ཡོད། དེར་བརྟེན་སྐར་མ་མིག་དམར་སྟེང་ཚེ་སྲོག་གྲུབ་པར་ངེས་པར་དགོས་པའི་ཉོག་རྫིང་གི་འདུ་རྡུལ་ལ་ཕོག་ཐུག་གཏོང་བའི་ཉི་མའི་ཁྱབ་འགྱེད་ཅུང་ཉུང་། ད་རུང་སྐར་མ་མིག་དམར་ཟླ་བའི་གོ་ལ་ལས་གྲང་ལ་ཆེ་བས་ཁོས་ལེགས་གྲུབ་ངང་ཚེ་སྲོག་གི་འབྱུང་ཁུངས་གྲུབ་པའི་ཡལ་སླའི་དངོས་པོ་དེ་འཇོག་པར་སླ། སྐར་མ་མིག་དམར་སྟེང་ཕུན་སུམ་ཚོགས་པའི་དབྱང་གཉིས་ཐེན་རྫས་ཡོད་ལ་ད་དུང་ཆུ་ཡོད་ངེས་རེད། དངོས་པོ་དེ་དག་ཡོད་ན་ཚེ་སྲོག་གྲུབ་ཐུབ། སའི་གོ་ལའི་སྟེང་གི་སྟབས་བདེ་ཚེ་སྲོག་གི་ཚུལ་སྐར་མ་མིག་དམར་སྟེང་དུ་འཚོ་ཐུ    བ་པས། སྐར་མ་མིག་དམར་སྟེང་ནས་འཚོ་ཐུབ་པའི་ཚེ་སྲོག་གི་ཚུལ་དེ་དག་ནི་དེ་བས་ཀྱང་བཤད་མ་དགོས་པ་རེད།

སྐར་མ་མིག་དམར་སྟེང་མེ་རིའི་རྒྱུད་ཞིག་ཡོད། མེ་རི་ཆེན་པོ་ཞིག་ཡོད་པ་དེའི་མིང་ལ་ཉི་ཁ་སེ་ཨཱོ་ལིན་ཕི་ཡཱ་ཞེས་ཟེར། རི་དེའི་ཚངས་ཐིག་ནི་སའི་གོ་ལའི་སྟེང་གི་རི་གང་འདྲ་ཞིག་ལས་ཀྱང་ལྡབ་གཉིས་ཀྱི་ཆེ་བ་ཡོད། ས་ཁམས་རིག་པའི་ངོས་ནས་བཤད་ན་དེས་སྐར་མ་མིག་དམར་ནི་གསོན་ཉམས་དོད་པའི་འཛམ་གླིང་ཞིག་ཡིན་ལ་ད་ལྟ་འགྱུར་བ་འགྲོ་བཞིན་ཡོད་པ་མཚོན།

སྐར་མ་མིག་དམར་སྟེང་ཁྱག་ཁྱོག་གི་ཐིག་རིས་འགའ་ཡོད། ཚང་མས་དེ་ཚོར་ཆུ་ཡུར་དང་འདྲ་བར་སྙམ། གནམ་རིག་མཁས་ཅན་འགས་ཐིག་རིས་དེ་དག་གི་ཕྱི་ཚུལ་ལས་སྔོན་དུ་དེར་ཆུ་བཞུར་མྱོང་བ་མཚོན་ཐུབ་པར་སྙམ་བཞིན་ཡོད། ད་དུང་སྐར་མ་མིག་དམར་གྱི་སྣེ་གཉིས་ཀྱི་འཁྱགས་པ་དུས་འཁོར་རང་བཞིན་གྱི་འཕེལ་འགྲིབ་ཅི་བྱུང་ཞིག་ཡོད་པ་འདྲ། སྐར་མ་མིག་དམར་རེས་མོས་ཀྱིས་རྣམ་པ་གཉིས་བརྒྱུད་པར་དོགས། རིགས    ་གཅིག་ནི་དགུན་ཟླ་རིང་མོ་ཞིག་ཡིན་དེའི་སྐབས་རླུང་ཆེན་མང་ཆེ་བ་འཁྱགས་ནས་ཧ་ཅང་སླ་བའི་རླུང་ཉུང་ངུ་ལས་ལྷག་མེད་པ་རེད། རིགས་གཞན་ཞིག་ནི་དབྱར་ཟླ་རིང་མོ་ཞིག་ཡིན། དེའི་སྐབས་རླུང་ཆེན་ཚང་མ་རླུང་གཟུགས་དུ་འགྱུར་ནས་རླུང་ཁམས་ཆེན་པའི་བང་རིམ་སའི་གོ་ལ་དང་འདྲ་བར་ཧ་ཅང་སྟུག

གཅིག་བྱས་ན་སྐར་མ་མིག་དམར་སྟེང་གི་ཚེ་སྲོག་ད་ལྟའི་སའི་ནང་དགུན་ཉལ་བྱེད་བཞིན་ཡོད་ལ་དབྱར་དུས་རིང་མོ་སླེབས་པ་དང་རླུང་ཆེན་སྟུག་པར་འགྱུར་ལ། ཆུ་ཡང་ལྷུང་ལྷུང་དུ་བཞུར་དུས་དེའི་ཚེ་སྲོག་རྣམས་ང་ཚོས་མིག་སྔར་བསམ་པ་ལས་ཀྱང་འཚར་ལོངས་བྱུང་སྲིད། ། 



རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1