དབུལ་སྐྱོར་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བཟང་པོ།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 10-17


      

——四川选派“第一书记”深入藏区贫困村探索扶贫新路子

        第一书记扶贫在藏区,从城镇到农牧区、从机关到基层,在精准扶贫的指导思想下,“第一书记”进入农牧区后迅速转换角色,他们以村为家,深入农牧区了解实情、难题,急群众之所需、想群众之所想,一方面找寻贫困根源,按照“一村一策”、“一户一策”的思路,带领群众寻资金、找项目,帮助贫困村和贫困户发展经济增收致富;另一方面关注社会民生,修桥铺路、挖沟填壕,与贫困户结对认亲,一切以群众利益为衡量标准,将群众关心的大事、小事、难事、琐事全都办得有声有色。同时,“第一书记”也在扶贫一线中接了地气,聚了民气,长了才气,壮了底气,实现了思想认识和工作能力的“双提升”。他们把理念、方法、人脉和资源带到农牧区的同时,农牧区一线也成了他们成长锻炼的“大课堂”。“第一书记”也和农牧民一起,上演着自我提升与发展变化的“双丰收”。

驻村“第一书记” 扶贫攻坚排头兵

གྲོང་སྡེའི་རྣམ་པ་གསར་པ། ལི་ཅེ་ཡིས་པར་བླངས།
藏区新村新气象 图 / 李 洁
        བོད་ཁུལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཡོང་བར་གལ་ཆེ་བ་དང་དཀའ་ཁག་ཆེ་གནས་དེ་ཞིང་འབྲོག་ས་ཁུལ་ཡིན་ཞིང་། ཞིང་འབྲོག་ས་ཁུལ་དུ་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཡོང་མིན་གཙོ་བོ་སྣེ་ཁྲིད་མཁན་ལ་རག་ལས་ཡོད།

ད་སྐབས་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ལས་ཁུངས་ཁག་ནས་མངགས་པའི་ལས་བྱེད་པ་རྣམས་ཀྱིས་བོད་ཁུལ་གྱི་གྲོང་སྡེའི་ཧྲུའུ་ཅི་དང་པོའི་འགན་བཞེས་ཏེ་དབུལ་སྐྱོར་དབུལ་སེལ་གྱི་ལས་ཀ་རྒྱ་ཆེན་སྤེལ་བཞིན་ཡོད་ཅིང་། མི་སེར་རྣམས་སྣེ་ཁྲིད་དེ་དབུལ་བྲལ་ཕྱུག་འགྱུར་འབྱོར་འབྲིང་ལམ་དུ་སྐྱོད་པའི་འགན་འཁྲི་དང་ལས་འགན་ལྕི་མོ་ཕྲག་ཏུ་བཞེས་ཡོད།

        དཀར་མཛེས་ཁུལ་ལ་ཆ་མཚོན་ན། རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་མཚམས་འབྲེལ་གྱི་ཆེས་དབུལ་ཕོངས་ས་ཁུལ་14ཡི་གྲས་དང་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་འགག་སྒྲོལ་གྱི་ས་ཁུལ་ཆེན་མོ་བཞིའི་གྲུབ་ཆ་གཙོ་བོ་ཡིན་ཞིང་། རྫོང་ཁག་ཐམས་ཅད་དབུལ་ཕོངས་རྫོང་དང་། སྲིད་འཛིན་གྲོང་སྡེ་ཕྱེད་ཀ་ཡས་མས་དབུལ་ཕོངས་གྲོང་སྡེ་ཡིན། ད་དུང་དུད་ཁྱིམ་ཁྲི་5.5དང་། མི་གྲངས་ཁྲི་17.45ཡིས་དབུལ་ཕོངས་ཚད་ཐིག་གི་འོག་ཏུ་འཚོ་བ་རོལ་བཞིན་ཡོད། མིག་སྔའི་བར་དུ། གྲོང་སྡེ་492ལ་གཞུང་ལམ་ཤར་གཏོང་བྱེད་ཐུབ་མེད་ཅིང་། གྲོང་སྡེ་895ཡིས་གློག་སྤྱོད་ཐུབ་མེད། སྲིད་འཛིན་གྲོང་སྡེ་85.6% ལ་དྲ་བ་གསུམ་གྱི་ཡངས་ལམ་བེད་སྤྱོད་གཏང་མ་ཐུབ། གྲོང་སྡེ་1725ཡིས་ཁུལ་དང་རྫོང་གི་བརྙན་འཕྲིན་ལེ་ཚན་བལྟ་ཐུབ་བཞིན་མེད། དབུལ་སྐྱོར་འགག་སྒྲོལ་གྱི་ལས་འགན་དཀའ་ཁག་དང་རྙོག་འཛིང་ཧ་ཅང་ཆེ།

        འབྲོག་སྡེ་ནས་རོང་ཁུལ་དང་། སྡེ་ཁག་ནས་གཞི་རིམ་བར་དུ། གནད་སྨིན་དབུལ་སྐྱོར་གྱི་མཛུབ་སྟོན་དགོངས་དོན་འོག ཧྲུའུ་ཅི་དང་པོ་གྲོང་སྡེ་རུ་ཕྱིན་རྗེས་དོན་དངོས་དང་གནད་དོན་རྣམས་ལ་རྒྱུས་ལོན་ཟབ་མོར་བྱས། ཕྱོགས་གཅིག་ནས་དབུལ་པོར་ཆགས་པའི་འབྱུང་རྐྱེན་འཚོལ་ཞིབ་བྱེད་པ་དང་། གྲོང་སྡེ་རེ་ལ་ཇུས་འགོད་རེ། དུད་ཁྱིམ་རེ་ལ་འཆར་འགོད་རེའི་ཐབས་ལམ་ལྟར་མང་ཚོགས་སྣེ་ཁྲིད་དེ་མ་དངུལ་དང་རྣམ་གྲངས་བཙལ་ནས་དབུལ་པོའི་གྲོང་སྡེ་དང་དུད་ཁྱིམ་ཁག་ལ་དཔལ་འབྱོར་འཕེལ་རྒྱས་དང་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བར་རོགས་རམ་བྱས། ཕྱོགས་གཞན་ནས་སྤྱི་ཚོགས་དམངས་འཚོ་ལ་དོ་ཁུར་བྱས་ཏེ་ལམ་དང་ཟམ་པ་བསྐྲུན་པ་དང་། དབུལ་པོའི་དུད་ཁྱིམ་དང་ཉེ་བ་ཆ་སྒྲིག་བྱས་ཏེ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དོན་ཆེན་དང་དོན་ཆུང་། དོན་དཀའ་མོ་དང་དོན་རྙོག་དྲ་ཅན་ཚང་མར་ཐག་གཅོད་ཡག་པོར་བྱས།

        རྐང་པར་ཆུ་འདམ་གྱིས་ག་ཚོད་སྦགས་ཡོད་ན་ཡིད་སེམས་སུ་དེ་ཙམ་གྱིས་བརྩེ་བ་རུམ་ཡོད་ཅེས་པ་དེ་ནི་གྲོང་སྡེ་རུ་བཅའ་སྡོད་བྱས་ཡོད་པའི་ཧྲུའུ་ཅི་དང་པོའི་གནས་ཚུལ་ཇི་མ་ཇི་བཞིན་དུ་མཚོན་ཡོད། གྲོང་སྡེའི་སྤྱི་ཚོགས་གནས་ཚུལ་དང་མི་སེར་གྱི་འདོད་བློ་སྐོར་ལ་རྒྱུས་ལོན་བྱས་པ་དང་། མང་ཚོགས་ཀྱི་གྲང་འཁྱག་དཀའ་སྡུག་མྱོང་རོལ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཧྲུའུ་ཅི་དང་པོ་རྣམས་ཀྱི་བསམ་བློ་ལ་སེམས་འགུལ་ཐེབས་པ་དང་། ལག་ལེན་ལ་ནུས་ཤུགས་བརྟས་པས་ཁོང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་རྣམས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་བློ་སྒོ་འབྱེད།

        གྲོང་གསེབ་དང་འབྲོག་ཁུལ་དུ་བྲེལ་འཚུབ་ངང་འདུར་རྒྱུག་བྱེད་བཞིན་ཡོད་པའི་ཧྲུའུ་ཅི་དང་པོ་རྣམས་ཀྱི་ཤ་མདོག་གྲང་རླུང་དང་ཉི་ཟེར་གྱིས་གཙེས་ནས་ནག་པོར་གྱུར་ཏེ་རྣམ་པ་དེ་ཙམ་མི་ལེགས་པ་སྟོན་བཞིན་ཡོད་མོད། འོན་ཀྱང་གཞི་རིམ་གྱི་གཤིན་སར་རིམ་གྱིས་གསོན་ཤུགས་རྒྱས་པ་དང། མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་ཞིང་སྐྱིད་པའི་ངང་ནས་རོལ་འགོ་ཚུགས། ས་བབ་ཡུལ་བསྟུན་དང། རིགས་དབྱེ་ལག་བསྟར་བྱས་པའི་གནད་སྨིན་དབུལ་སྐྱོར་གྱི་རྣམ་པར་རིམ་གྱིས་འབྲས་བཟང་སྨིན་བཞིན་ཡོད། དུས་མཚུངས་སུ། ཧྲུའུ་ཅི་དང་པོར་དབུལ་སྐྱོར་གྱི་ཡུལ་དངོས་སུ་མང་ཚོགས་ཀྱི་གདེང་འཇོག་ཐོབ་པ་དང་རང་གི་ནུས་པ་འཕེལ་རྒྱས་སུ་སོང་བས་བསམ་བློའི་ངོས་འཛིན་དང་ལས་སྒྲུབ་ཀྱི་ནུས་པ་ཟུང་ཇེ་བཟང་དུ་ཕྱིན་ཡོད། ཁོང་ཚོས་འདུ་ཤེས་དང་བྱེད་ཐབས། མིའི་བར་གྱི་འབྲེལ་བ་དང་ཐོན་ཁུངས་སོགས་རོང་འབྲོག་ས་ཁུལ་དུ་ཁྱེར་ཡོང་བར་མ་ཟད། རོང་འབྲོག་ས་ཁུལ་དེ་ཁོང་ཚོའི་འཚར་ལོངས་བྱུང་ས་དང་སྦྱོང་བརྡར་བྱེད་སའི་སློབ་ར་ཞིག་ཏུ་གྱུར། ཧྲུའུ་ཅི་དང་པོ་ཞིང་འབྲོག་མི་སེར་དང་མཉམ་དུ། རང་ཉིད་མཐོར་འདེགས་དང་འཕེལ་རྒྱས་འགྱུར་ལྡོག་ཕྱིན་པའི་འབྲས་བཟང་ཐོབ་པར་འབད་བཞིན་ཡོད།

        སི་ཁྲོན་བོད་ཁུལ་གྱི་ཞིང་གྲོང་དང་འབྲོག་སྡེ་ཁག་ན། ཧྲུའུ་ཅི་དང་པོས་ནུས་པ་ཆེན་པོ་བཞི་སྟེ་ལས་གནས་གསར་པའི་ཐོག་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་ཇེ་ཆེར་གཏང་བའི་ནུས་པ་དང་། གནད་སྨིན་དབུལ་སྐྱོར་ལ་རོགས་སྐྱོར་བྱེད་པར་སྐུལ་འདེད་གཏང་བའི་ནུས་པ། མི་དམངས་ལ་བྱ་བ་བསྒྲུབ་རྒྱུ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ། ཡུལ་ཤོག་དང་གྲོང་སྡེའི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏང་བའི་ནུས་པ་བཅས་འདོན་སྤེལ་ཡག་པོ་བྱེད་དགོས་པ་དང་། བླང་བྱ་བཞི་སྟེ་སློབ་སྦྱོང་གཏིང་ཟབ་དང་སྒྲོག་འགྲེལ་གསལ་པོ། ལས་ཀ་དྲང་པོ། སྣེ་ཁྲིད་ཡག་པོ་བཅས་བྱས་ནས་གྲོང་སྡེའི་ཨུ་ལྷན་གཉིས་དང་མཉམ་དུ་ནན་ཏན་གྱིས་འཕེལ་རྒྱས་ལ་ཇུས་འགོད་དང་ངེས་པ་དོན་གྱིས་འགན་འཁྲི་ཁག་ཡག་པོ་སྒྲུབ་ནས་སྟོབས་ཤུགས་ཡོད་རྒུས་དབུལ་ཕོངས་གྲོང་སྡེ་དབུལ་སྒྲོལ་ཐུབ་པར་འབད་པ་ལྷོད་མེད་བྱེད་བཞིན་ཡོད་དོ། །


ཞིང་ཆེན་སྤྱི་བདེ་ཐིང་གི་གནད་སྨིན་དབུལ་སྐྱོར་ཚོ་ཆུང་གི་ཧུར་ཐག་གིས་དབུལ་སྐྱོར་ལས་ཀ་སྤེལ་བ།

省公安厅工作组积极推动精准扶贫

ཀུའེ་ཧན་ཀྲི། 文 / 桂汉志



  • ཞིང་དཔོན་གཞོན་པ། སྤྱི་བདེ་ཐིང་གི་ཐིང་ཀྲང་བློ་མཐུན་ཏུན་ཡོང་གིས་མི་སེར་གྱི་ཁྱིམ་དུ་འཚམས་འདྲི་གནང་བཞིན་པ། ཀུའེ་ཧན་ཀྲི་ཡིས་པར་བླངས།

    副省长、公安厅厅长邓勇同志深入农牧民家中走访慰问 图 / 桂汉志


        ཞིང་ཆེན་སྤྱི་བདེ་ཐིང་གི་གནད་སྨིན་དབུལ་སྐྱོར་ཚོ་ཆུང་གི་གོམ་གང་མདུན་སྤོས་སྒོས་ལས་ཀ་དོན་ཐོག་ཏུ་འཁྱོལ་བ་དང་། འབད་པ་ཆེན་པོས་སློབ་གསོའི་དབུལ་སྐྱོར་རྒྱ་བསྐྱེད་གཏང་ཆེད། ཞིང་དཔོན་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིང་གི་འགོ་གཙོ་བློ་མཐུན་ཏུན་ཡོང་གིས་འབྲེལ་བ་བྱ་ཡུལ་དཀར་མཛེས་ཁུལ་རྟའུ་རྫོང་ཁུག་ཆ་ཡུལ་ཤོག་རྡོ་སྤུངས་གཞལ་ཡུལ་ཚོའི་དབུལ་ཕོངས་སློབ་མའི་སློབ་ཞུགས་གནས་ཚུལ་ལ་མཐོང་ཆེན་གནང་། ཁོ་ཚོའི་སློབ་ཞུགས་སློབ་གསོའི་ཐད་ཀྱི་གནད་དོན་ཞིབ་ཚགས་རྒྱུས་ལོན་བྱས་རྗེས་སྤྱི་བདེ་ཐིང་གི་འབྲེལ་ཡོད་སྡེ་ཁག་གིས་ཆ་སྒྲིག་སློབ་གསོའི་དབུལ་སྐྱོར་སྤེལ་ནས་སློབ་མ་གཅིག་ཀྱང་སློབ་ཞུགས་ཐད་དཀའ་ངལ་མེད་པར་བྱས། ལས་ཁུངས་ཏང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲའོ་ཁུན་དང་། ཧྲུའུ་ཅི་གཞོན་པ་ལི་མིང་གིས་སྤྱི་བདེ་ཐིང་གི་མཐུད་སྦྲེལ་དབུལ་ཕོངས་སློབ་མའི་སློབ་ཞུགས་གནས་ཚུལ་རྒྱུས་ལོན་བྱ་ཆེད་དུད་ཁྱིམ་རེ་རེ་བཞིན་བཅར་འདྲི་བྱས་ཏེ་སློབ་གསོའི་ལས་ཀ་ལ་རོགས་སྐྱོར་བྱས།


སྤྱི་བདེ་ཐིང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ཞིང་འབྲོག་མི་སེར་གྱི་ཁྱིམ་དུ་རྟོག་ཞིབ་འཚམས་འདྲི་གནང་བཞིན་པ། ཀུའེ་ཧན་ཀྲི་ཡིས་པར་བླངས།
公安厅相关负责同志深入农牧民家中走访慰问 图 / 桂汉志

        སྤྱི་བདེ་ཐིང་ཏང་ཨུས་བོད་ཁུལ་དབུལ་ཕོངས་སློབ་མའི་སློབ་ཞུགས་ལ་ཐུགས་ཁུར་བྱེད་པ་གནད་དུ་འཛིན་ཆེད། སྤྱི་བདེ་ཐིང་གི་ཡུལ་ཚོའི་བཅའ་སྡོད་ལས་སྒྲུབ་ཚོ་ཆུང་གི་གྲོང་སྡེའི་ཧྲུའུ་ཅི་དང་པོ་ལིའོ་ཧའེ་ཅུན་དང་བློ་མཐུན་ཀུའེ་ཧན་ཀྲི་གཉིས་ཀྱིས་རྡོ་སྤུངས་གཞལ་ཡུལ་ཚོའི་སློབ་ཞུགས་ལ་ཉེ་བའི་སློབ་མ་6པོ་གདན་ཞུ་བྱས་ཏེ་བཞུགས་མོལ་གྲོས་ཚོགས་བསྡུས། ཚོགས་འདུའི་སྟེང་སློབ་མ་ཚོས་རང་ཉིད་ཀྱི་བསམ་ཚུལ་དང་འབྱུང་འགྱུར་གྱི་ཕུགས་བསམ་གླེང་ཞིང་དེ་ལས་བྱིས་པ་ཚོས་ཕུགས་འདུན་ལ་བཅངས་པའི་བློ་སྤོབས་མཚོན། ཡུལ་ཚོའི་བཅའ་སྡོད་ལས་སྒྲུབ་ཚོ་ཆུང་དང་རྟའུ་རྫོང་ཨུའི་རྒྱུན་ཨུ་ཞུས་ཞའོ་སུང་། ཁུག་ཆ་ཡུལ་ཤོག་ཏང་ཨུའི་ཧྲུའུ་ཅི་ཧོང་ལིའང་ཧྥང་བཅས་ཀྱིས་ཁོ་ཚོར་འཚམས་འདྲིའི་དངུལ་སྒོར་དང་དངོས་པོ་སྦྱིན་ཞིང་སློབ་སྦྱོང་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱངས་ཏེ་ཕུལ་བྱུང་སློབ་མ་ཞིག་བྱ་དགོས་པའི་རེ་བ་བཏོན།


རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྐོར་ལ་རྟོག་ཞིབ་གནང་བཞིན་པ།
ཀུའེ་ཧན་ཀྲི་ཡིས་པར་བླངས།
调研基础设施建设 图 / 桂汉志

        ཏང་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་དྲན་གསོ་བྱེད་པའི་དུས་སྐབས་སུ། ལོ་རྒྱུས་ལ་ཕྱིར་རྟོག་བྱས་ཏེ་སྔོན་གཤེགས་དཔའ་བོ་རྗེས་སུ་དྲན། ཞི་བདེ་ལ་གཅེས་སྤྲས་བྱས་ཏེ་མ་འོངས་མདུན་ལྗོངས་གསར་དུ་གཏོད་པ་དང་། དྲང་ནུས་འཕེལ་ཐབས་ཀྱི་ཆེད་དུ་རྡོ་སྤུངས་གཞལ་ཡུལ་ཚོའི་ཡུལ་མི་70དང་། རྒྱལ་འཕགས་དགོན་པའི་གྲྭ་བཙུན་45བཅས་བསྡོམས་པས་མི་གྲངས་115ལ་《ལག་པ་ཡར་ཁྱོགས།》ཞེས་པའི་འཇར་འགོག་གློག་བརྙན་ལྟ་བར་རྩ་འཛུགས་བྱས།

        སྤྱི་བདེ་ཐིང་གི་གནད་སྨིན་དབུལ་སྐྱོར་ཚོ་ཆུང་རྡོ་སྤུངས་གཞལ་ཡུལ་ཚོའི་བཅའ་སྡོད་ལས་སྒྲུབ་ཚོ་ཆུང་གིས་གཞི་རིམ་དུ་རྐང་བཙུགས་ནས། སྤྱི་ཟླ་8པ་དང་9པར་ཀོང་ཏཱ་དངུལ་ཁང་ལ་མཐུན་སྦྱོར་གང་ལེགས་བྱས་ཏེ་དབུལ་ཕོངས་སློབ་མ་1གི་སློབ་ཡོན་སྒོར་27150ཐག་གཅོད་བྱས་པ་དང་། གཞན་དབུལ་ཕོངས་སློབ་མ་3གྱི་སློབ་ཡོན་སྒོར་24420ཐག་གཅོད་བྱས།


དབུལ་ཕོངས་སློབ་མར་རོགས་དངུལ་སྤྲོད་བཞིན་པ། ཀུའེ་ཧན་ཀྲི་ཡིས་པར་བླངས།
向贫困学生发放助学金 图 / 桂汉志

        ཞིང་ཆེན་སྤྱི་བདེ་ཐིང་གིས་གནད་སྨིན་དབུལ་སྐྱོར་ཚོ་ཆུང་གི་ཡུལ་ཚོའི་བཅའ་སྡོད་ལས་སྒྲུབ་ཚོ་ཆུང་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་དཔོན་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་བློ་མཐུན་ཏུན་ཡོང་གི་དཀར་མཛེས་ཁུལ་རྟའུ་རྫོང་གི་གནད་སྨིན་དབུལ་སྐྱོར་ལས་ཀའི་ཚོགས་འདུའི་ཐོག་གི་གསུང་བཤད་ཀྱི་དགོངས་དོན་དོན་འཁྱོལ་ནན་མོར་བྱས་ནས། ས་གནས་ཏང་ཨུའི་སྲིད་གཞུང་དང་མཉམ་དུ་དབུལ་སྐྱོར་རྣམ་གྲངས་འཛུགས་སྐྲུན་དང་ཐོན་ལས་སྣེ་ཁྲིད་ལ་དམིགས་ནས། ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་འཕར་སྣོན་ཐད་གཅིག་གཏད་གཅིག་གིས་དཀའ་གནད་ཀྱི་འགག་རྩ་རུ་འཇུག་སྟེ་གནད་སྨིན་དབུལ་སྐྱོར་ལས་ཀ་དོན་འཁྱོལ་ཡོང་བ་དང་སྐུལ་འདེད་ནུས་ལྡན་ཐེབས་བཞིན་ཡོད། །



དཀར་མཛེས་ཁུལ་གྱིས་ཁུལ་རིམ་པའི་སྡེ་ཁག་ནས་ཧྲུའུ་ཅི་དང་པོ་33མངགས་སྟེ་དཀར་མཛེས་རྫོང་དུ་གནད་སྨིན་དབུལ་སྐྱོར་གྱི་ལས་ཀ་སྤེལ།

ཀུན་དགའ་བསམ་གཏན།


        ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པར་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་པ་ནས་འགོ་ཚུགས་དགོས་ལ། མགྱོགས་མྱུར་ངང་དབུལ་ཕོངས་ཁྱིམ་ཚང་གི་ཡིག་ཚགས་བཟོ་བ་ནི་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་གནད་འགག་ཡིན། དཀར་མཛེས་ཁུལ་ཨུའི་བླང་བྱ་ལྟར། ཁུལ་རིམ་པའི་སྡེ་ཁག་གི་གྲོང་སྡེའི་ཧྲུའུ་ཅི་དང་པོ་33དཀར་མཛེས་རྫོང་གི་ཡུལ་ཤོག་(གྲོང་རྡལ།)17གྱི་སྲིད་འཛིན་སྡེ་བ་33རུ་གནད་སྨིན་དབུལ་སྐྱོར་གྱི་ལས་ཀ་སྤེལ་བཞིན་ཡོད་ལ་ཁོང་ཚོ་གཞི་རིམ་དུ་རྐང་བཙུགས་ཏེ་སྡེ་དམངས་ཨུ་ལྷན་དང་མཉམ་དུ་མི་སེར་གྱི་དབུལ་སྐྱོར་ལས་ཀར་གྲོས་གཞི་བཀོད།



དཀར་མཛེས་རྫོང་གཞི་སེར་ཡུལ་ཤོག་ཨ་རབས་ནང་གྲོང་སྡེ་རུ་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ཉམས་མྱོང་བརྗེ་རེས་བྱེད་བཞིན་པ།
甘孜州派驻“第一书记”蒋平(右一)与甘孜县昔色乡阿拉龙村支书交流基层组织建设经验

        དཀར་མཛེས་རྫོང་གྲོང་ཁུལ་གསར་པའི་སྡེ་བའི་སྒྲོལ་མ་ཚང་ནི་སྡེ་བ་དེའི་ཆེས་དབུལ་ཕོངས་ཀྱི་ཁྱིམ་ཚང་ཞིག་ཡིན་ལ། སྒྲོལ་མའི་བུ་ཐུབ་བསྟན་ད་སྐབས་སློབ་གྲྭ་འགྲོ་བཞིན་ཡོད། སྒྲོལ་མ་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་རྨས་སྐྱོན་ཕོག་ཅིང་རྗེས་ནས་ཀླད་དབང་ལ་སྐྱོན་ཤོར་བས་རྒྱུན་དུ་བདག་སྐྱོང་ནན་མོ་བྱེད་དགོས། ཁོང་མ་བུ་གཉིས་ནི་སྡེ་བར་བཅའ་སྡོད་བྱེད་པའི་ཧྲུའུ་ཅི་དང་པོས་ཐེངས་མང་པོར་འཚམས་འདྲི་དང་དོ་ཁུར་བྱེད་པའི་ཁྱིམ་ཚང་ཞིག་ཡིན་ལ། ཧྲུའུ་ཅི་དང་པོས་རིམ་བཞིན་རྒྱུས་ལོན་བྱས་ཤིང་སློབ་མ་ཐུབ་བསྟན་ལ་དཔེ་ཁུག་དང་སློབ་སྦྱོང་སྤྱོད་ཆས། རང་ཁྱིམ་ནས་ཤ་སོགས་ཁྱེར་ཡོང་ནས་ཁོང་མ་བུ་གཉིས་ལ་བྱིན་ཏེ་ཐུབ་བསྟན་གྱི་སློབ་སྦྱོང་དང་འཚོ་བར་རྣམ་པ་ཀུན་དུ་སེམས་ཁུར་བྱས།

        ཧྲུའུ་ཅི་དང་པོ་རྣམས་ཀྱིས་འོས་འགན་གཙོ་བོ་ནི་གཞི་རིམ་དམངས་ཚོགས་རྣམས་ལ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་གནད་སྨིན་དབུལ་སྐྱོར་ཀྱི་ལས་ཀ་ཁག་ལག་བསྟར་བྱེད་རྒྱུ་དེ་ཡིན་ཞིང། དཀར་མཛེས་རྫོང་གོང་ལུང་ཡུལ་ཤོག་གི་ཞབས་ལ་ཁག་སྡེ་བར་འཚོ་བར་དཀའ་ཁག་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་དག་ལ་ཁོང་ཚོས་ལྭ་བ་སོགས་བྱིན་ཞིང། གཞི་རིམ་གྱི་སྡེ་བ་ལ་ལ་ནི་འགྲིམ་འགྲུལ་སྟབས་བདེ་མིན་པ་དང་རྫོང་མཁར་དང་རྒྱང་ཐག་རིང་བའི་ས་མཐར་གནས་ནའང་ཧྲུའུ་ཅི་དང་པོས་དཀའ་སྡུག་ལ་མ་འཛེམ་པར་སྡེ་བ་དེ་དག་ལ་སོང་སྟེ་ཡུལ་ཤོག་འགོ་ཁྲིད་དག་གི་འགྲོ་རོགས་འོག་སྡེ་བའི་ཏང་ཀྲི་པུའུ་ལས་ཀ་དང་དབུལ་པོའི་ཁྱིམ་གྱི་ཡིག་ཚགས་བསྐྲུན་པའི་ལས་ཀ་སྤེལ།

        ཁུལ་གྱི་ལས་ཁུངས་ཁག་ནས་མངགས་ཡོང་པའི་ཧྲུའུ་ཅི་དང་པོ་རྣམས་ནི་གཞི་རིམ་དུ་ང་ཚོ་དབུལ་ཕོངས་ལས་སྒྲོལ་ཆེད་ཡོང་བ་རེད། འདི་ནི་དཀར་མཛེས་རྫོང་མཁར་སྒང་དང་རི་འགོ་ཡུལ་ཤོག་གཉིས་ཀྱི་མི་སེར་རྣམས་ཀྱིས་དེ་ལྟར་བཤད། འཐུང་ཆུ་ནི་དམངས་ཚོགས་ཀྱི་བདེ་ཐང་དང་འབྲེལ་བའི་ལས་ཀ་གལ་ཆེན་ཞིག་ཡིན་ཞིང་། ཟླ་9པ་ནས་བཟུང་ཟླ་གཅིག་གི་དུས་ཡུན་རིང་། རི་འགོ་ཡུལ་ཤོག་གི་ཧྲུའུ་ཅི་དང་པོ་གཉིས་ཀྱིས་འབད་པ་ཆེན་པོས་ལས་བཟོ་བར་རོགས་རམ་བྱས་ཏེ་དམངས་ཡོངས་ཀྱི་འཐུང་ཆུ་གནད་དོན་ཐག་གཅོད་བྱས། སྡེ་བའི་བྱེད་སྒོ་ཁང་གི་གློག་སྐུད་བཀོད་སྒྲིག་འོས་འཚམས་མ་ཡིན་པ་དང་གློག་སྐུད་རྙིང་རུལ་དུ་གྱུར་བའི་གནད་དོན་ལ་གཞིགས་ཏེ་ཧྲུའུ་ཅི་དང་པོ་གཉིས་ཀྱིས་དམངས་ཚོགས་ལ་སང་ལོའི་དཔྱིད་མགོར་གློག་སྐུད་བཀོད་སྒྲིག་འོས་མཐུན་ཡིན་ཞིང་གྱང་བརྟན་བརླིང་ཡིན་པ། ཞིང་ལས་འཕྲུལ་ཆས་འཇོག་ས་ཡོད་པའི་སྡེ་བའི་བྱེད་སྒོའི་ལྟེ་གནས་ཞིག་ལེགས་བསྐྲུན་བྱེད་པར་ཁས་ལེན་བྱས།

འདི་ལྟར་གཞི་རིམ་དུ་ཟབ་ཞུགས་བྱས་ཏེ་ཅུང་མ་འགོར་བའི་དུས་འདིར་ཧྲུའུ་ཅི་དང་པོ་33ཡིས་རང་ཉིད་ཀྱི་ལས་གནས་སྟེང་གཟབ་ནན་ངང་རང་ཉིད་ཀྱི་ལས་ཀར་འབད་བཞིན་ཡོད་ལ། ནུས་ཁུངས་སྙོམས་སྒྲིག་དང་ལས་ཀ་ཧུར་ཐག དབུལ་སྐྱོར་དབུལ་སེལ།དམངས་ཀྱི་ལས་ཀ་ལེགས་པོར་བསྒྲུབ་རྒྱུ་ནི་ཧྲུའུ་ཅི་དང་པོ་33གྱི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་ཆགས་ཡོད།།


གསེར་རྟ་རྫོང་རྒྱ་ཤོད་ཡུལ་ཤོག་རྒྱ་སྒོ་སྡེ་བའི་ཧྲུའུ་ཅི་དང་པོ་ཝང་ལེ།

དབྱངས་ཅན་ལྷ་མོ།


ཝང་ལེ་ཡིས་སྡེ་དམངས་ཀྱི་དགོས་མཁོའི་གནས་ཚུལ་ཐོ་འགོད་བྱེད་བཞིན་པ། དབྱངས་ཅན་ལྷ་མོས་པར་བླངས།
王磊(左)认真记录村民的实际需求 图 / 拥基拉姆

        ད་ལོའི་ཟླ་བ་9པར། དཀར་མཛེས་ཁུལ་གསེར་རྟ་རྫོང་གིས་གཏིང་ཟབ་སྒོས་དབྱེ་འབྱེད་གཏན་འཁེལ་བྱས་པའི་རྫོང་ཡོངས་ཀྱི་སྡེ་བ་དབུལ་པོ་89ཡི་དབུལ་སྐྱོར་ལས་ཀ་སྤེལ་བར་རྫོང་རིམ་པ་སྡེ་ཚན་ནས་ལས་བྱེད་པ་89སྡེ་བའི་ཧྲུའུ་ཅི་དང་པོའིི་འགན་ཁུར་བར་བདམས་མངགས་བྱས་པ་དང་། ཁོ་ཚོས་མང་ཚོགས་ལ་ཐད་ཀའི་འབྲེལ་འདྲིས་དང་སེམས་ཁུར་བྱས་ཏེ་ཁ་ཚ་དགོས་གཏུག་གི་གནད་དོན་རྣམས་ཐག་གཅོད་གང་ལེགས་བྱས།

        དོན་དངོས་གཞིར་བཟུང་ནས་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ཅིང་ཧུར་ཐག་སྒོས་དབུལ་ཕོངས་སྡེ་བར་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཕྱོགས་ནས་སྔར་བས་རོགས་སྐྱོར་བྱས་པར་མ་ཟད། དབུལ་སྐྱོར་ལས་ཀར་སྐུལ་འདེད་བྱས་ནས་གནད་ལ་འཁེལ་བའི་ལས་ཀ་བསྒྲུབས། ཟླ་9པའི་ཟླ་སྟོད་དུ་ཝང་ལེ་ཡིས་ཧྲུའུ་ཅི་དང་པོའི་མོང་ཐོབ་འོག་རྒྱ་དཀར་སྡེ་བར་འོངས་ཏེ་ཆ་སྒྲིག་རོགས་སྐྱོར་དང་གནད་སྨིན་དབུལ་སྐྱོར་གྱི་ལས་ཀར་ཤུགས་སྣོན་བྱས་ནས་ཞབས་ཞུའི་བསམ་པ་མངོན་གསལ་དོད་པོས་འགོ་ཁྲིད་ཅིག་གིས་དམངས་ལ་བཅངས་པའི་ཐུགས་ཁུར་མཚོན་པར་བྱས། ལས་གནས་སུ་འབྱོར་མ་ཐག་པའི་ཝང་ལེ་ཡིས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་པ་དང་མཉམ་དུ་གླེང་མོལ་དང་གཏིང་ཟབ་སྒོས་རྒྱ་དཀར་སྡེ་བའི་ཏང་ཀྲི་པུའུ་ཡི་འཛུགས་སྐྲུན། འཛུགས་སྐྲུན་ལས་གཞིའི་གནས་ཚུལ་རྒྱུས་ལོན་བྱས། ལས་གནས་ལ་འབྱོར་ནས་ཅུང་མ་འགོར་བར་ཝང་ལེ་ཡིས་རྒྱ་དཀར་གྲོང་སྡེ་ཡ་ིདུད་ཁྱིམ་10གཙོ་གནད་དུ་བཟུང་ནས་དབུལ་པོའི་དུད་ཚང་གི་རྩྭ་འདེབས་འཛུགས་བྱས་ནས་ཕྱུག་    འགྱུར་གྱི་འཆར་གཞི་བཀོད། ཝང་ལེ་ཡིས་བརྩོན་ལེན་ཧུར་ཐག་དང་འབྲེལ་ཡོད་ལས་བྱེད་མི་སྣའི་རོགས་རམ་ལ་བརྟེན་ནས་དོན་ཐོག་གྲོས་འཆམ་བྱུང་།

        ཝང་ལེ་ཡིས་འབད་བརྩོན་ལ་བརྟེན་ནས་རྒྱ་དཀར་གྲོང་སྡེ་སྔོ་ཚལ་དྲོད་སྤྱིལ་ཁང་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་དོན་ཐོག་ཏུ་སྨིན་པར་རེ་བ་ཆེན་པོ་ལྡན་ཞིང་། མིག་སྔར། ལས་ཀ་སོ་སོ་དངོས་སུ་འགོ་བརྩམས་ཤིང་ཝང་ལེ་ཡིས་ཀྱང་འཛུགས་སྐྲུན་རྟེན་གཞི་བསྐྲུན་རྗེས་ཀྱི་ཕྱོགས་ཡོངས་ཀྱི་ལས་ཀར་འཆར་འགོད་བྱེད་མུས་སུ་མཆིས། །


མཛོད་དགེ་རྫོང་བབ་བཟོ་ཡུལ་ཚོའི་གྲོ་ཐང་སྡེ་བའི་ཧྲུའུ་ཅི་དང་པོ་ལའེ་པིན།

མགོན་པོ་བཀྲ་ཤིས། 


ལའེ་པིན་གྱིས་གྲོང་སྡེ་ཡི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ། ཀྲོའུ་ཡན་ཀུའོ་ཡིས་པར་བླངས།
李斌(左一)在村上走访了解社情民意 图 / 周严国

        གྲོ་ཐང་སྡེ་བ་ནི་རྒྱལ་ཡོངས་ཀྱི་ས་ཆ་གང་སར་མཐོང་བ་དཀོན་པའི་ཚིགས་སྦ་ནད་རིམས་ཡོད་པའི་ས་ཁུལ་ཞིག་ཡིན་ཞིང་། སྡེ་བ་འདི་ལ་བསྡོམས་པས་ཁྱིམ་ཚང་75དང་མི་གྲངས་343ཡོད་ལ་ཚིགས་སྦ་ནད་པ་121ཡོད་དེ། དབང་པོ་སྐྱོན་ཅན་གྱི་མི་གྲངས་59ཡོད་པས་དབུལ་ཕོངས་ཀྱི་འཚོ་བ་མཐར་སྐྲོད་བཏང་ནས་འབྱོར་ཕྱུག་གི་དཔལ་ལ་རོལ་བའི་འཚོ་བ་ཞིག་བསྐྲུན་པར་ཤིན་ཏུ་དཀའ་བའི་གནས་སུ་གྱུར།

        ཧྲུའུ་ཅི་ལའེ་པིན་གྱིས་སྔར་ནས་སྡེ་བ་འདིའི་གཞི་རྩའི་གནས་ཚུལ་ཐོས་མྱངས་མོད། ཡིན་ནའང་། 
        སྡེ་བ་འདིའི་དབུལ་ཕོངས་དང་རྗེས་ལུས་ཀྱི་རྣམ་པ་དངོས་དེ་མིག་མཐོང་ལག་ཟིན་དུ་གྱུར་རྗེས་ཁོང་ཧ་ལས་པའི་གནས་སུ་གྱུར།

        བྱ་བ་གང་ཞིག་བསྒྲུབ་ཀྱང་ཡག་པོ་ཞིག་འཁྱོངས་དགོས་ཤིང་། དཀའ་ཁག་གང་ལ་འཕྲད་ཀྱང་ཅི་མི་སྙམ་པར་གདོང་གཏོད་ཕོད་པ་ནི་གཞོན་སྐྱེས་ཚོར་མངའ་བའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན་པར་སྙམ་ནས། ཁོང་གིས་མིག་མདུན་དུ་ལྷག་པའི་དབུལ་ཕོངས་ཀྱི་འཚོ་བ་ལ་འཐབ་རྩོད་བྱེད་རྒྱུ་སེམས་ཐག་བཅད། ཁོང་གིས་དུས་རྒྱུན་རྒྱབ་ཤོག་དམར་སྨུག་ཅན་གྱི་ཉིན་ཐོའི་འབྲི་དེབ་ལག་ཏུ་ཐོགས་ཏེ། སྡེ་བའི་ནང་གི་ཁྱིམ་ཚང་སོ་སོར་དབུལ་ཕོངས་སུ་གྱུར་བའི་རྒྱུ་རྐྱེན་དང་ལོ་རེའི་ཡོང་འབབ་བཅས་ཀྱི་གནས་ཚུལ་རྣམས་གཅིག་ཀྱང་མ་ལུས་པར་འབྲི་དེབ་ཏུ་གསལ་པོར་བཀོད།

        ལོ་68དུ་སོན་པའི་ཉི་མ་འཚོའི་བུ་མོ་ཐག་རིང་གི་ས་ཆ་ཞིག་ལ་བག་མར་བརྫངས་ཤིང་ཚ་མོ་རང་གིས་གཉོར་སྐྱོང་བྱས། ནད་མང་བའི་རྐྱེན་གྱིས་ལུས་སྟོབས་ཉམས་ཤིང་ངལ་རྩོལ་བྱེད་མི་ཐུབ་པས་ཁོ་མོའི་མི་ཚེའི་སྐྱ་ཡ་དང་ལྷན་དུ་རྡིབ་ལ་ཉེ་བའི་ཁང་རྙིང་དུ་ད་དུང་འཚོ་བ་སྐྱེལ་ནས་བསྡད་ཡོད་ལ། སྲིད་གཞུང་གིས་མཁོ་སྤྲོད་བྱེད་པའི་དཔལ་འབྱོར་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད།

        ལའེ་པིན་གྱིས་ཁྱོད་ཚོ་ལ་དཀའ་ཁག་ཅི་ཞིག་ཡོད་ན་ང་ལ་སྦ་གསང་མེད་པར་ཤོད་དང་། ངས་རང་ནུས་ཅི་ལྕོགས་ཀྱིས་ཁྱོད་ཚོའི་དཀའ་ཁག་སེལ་རོགས་བྱེད་ཆོག་ཅེས་རྒན་རྒོན་གཉིས་ལ་བཤད། དེ་ནས་ཧྲུའུ་ཅི་ལའེ་པིན་ཉི་མ་འཚོའི་ཁྱིམ་དུ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་གསལ་པོར་བྱས་ལ། རྒན་རྒོན་གཉིས་ཀྱིས་བཤད་པའི་སྐད་ཆ་རྣམས་ཡིག་འབྲུ་རེ་རེ་ལ་རྒྱུས་ནས་ཉིན་ཐོ་རུ་བཀོད། ལའེ་པིན་ཕྱིར་གཞུང་ལས་ཁང་དུ་ལོག་ནས་ཉི་མ་འཚོ་ཚང་གི་གནས་ཚུལ་གྲོ་ཐང་སྡེ་བའི་ཁྱིམ་སོ་སོའི་དབུལ་སྐྱོར་གནད་སྨིན་གྱི་དེབ་ཞེས་པའི་བར་དུ་བཅུག་ནས་ཡིག་ཚང་དུ་བཞག

གྲོ་ཐང་སྡེ་བའི་ལོ་རེ་ལ་མི་རེ་ངོ་རེར་འཚོ་བའི་གཞི་རྩའི་འགན་སྲུང་གི་ཡོང་འབབ་སྒོར་480ཡོད་དེ། སྨན་བཅོས་དང་ཁང་པ་གསར་བསྐྲུན་བྱེད་པའི་རོགས་དངུལ་གོང་རིམ་ལ་རེ་འདུན་ཞུས་ཟིན་པས། ད་ལོའི་ཟླ་བ་12པའི་མཇུག་ཏུ་ལེགས་འགྲུབ་འབྱུང་ངེས་ཞེས་ལའེ་པིན་གྱིས་ཉི་མ་འཚོ་ཚང་གི་དབུལ་སྐྱོར་གནད་སྨིན་གྱི་ཡིག་ཚང་དུ་འཁོད་པའི་དབུལ་ཕོངས་ལས་ཐར་བའི་རྣམ་བཤད་ཅེས་པའི་སྡེ་ཚན་དུ་བྲིས། འདི་ནི་ང་ཚོས་ཁྱིམ་ཚང་སོ་སོའི་གནས་ཚུལ་རྒྱུས་ལོན་ལེགས་པར་བྱས་རྗེས་གཏན་འཁེལ་ཟིན་པའི་ཇི་ལྟར་དབུལ་སྐྱོར་བྱ་དགོས་པའི་གནས་སྐབས་ཀྱི་བྱེད་ཐབས་ཡིན་ལ། གནད་སྨིན་དབུལ་སྐྱོར་གྱི་འཆར་གཞི་ལག་ཏུ་བསྟར་རྗེས་སྔར་ལས་གོམ་གང་མདུན་སྤོས་ཀྱིས་བསྐྱར་བཅོས་བྱ་དགོས་ཞེས་ཧྲུའུ་ཅི་ལའེ་པིན་གྱིས་གསར་འགོད་པར་བཤད།

        སྡེ་བའི་ནང་བསྡད་པའི་ཟླ་ཤས་རིང་ལའེ་པིན་གྱིས་ཁྱིམ་ཚང་སོ་སོ་ལ་འདྲི་རྟོགས་བྱས་ནས་ཇི་ལྟར་དབུལ་སྐྱོར་གནད་སྨིན་བྱ་དགོས་པ་ལ་འདུ་ཤེས་གཏིབ་ཟབ་ཅིག་རྙེད་པར་མ་ཟད། དབུལ་སྐྱོར་གནད་དུ་འཁེལ་བ་བྱེད་དགོས་སའི་ཁྱིམ་ཚང་བསྡོམས་པས་19དང་དབུལ་ཕོངས་ཁྱིམ་ཚང་84ཡོད། མིག་སྔར། ལའེ་པིན་གྱིས་དབུལ་ཕོངས་ཁྱིམ་ཚང་21དབུལ་སྐྱོར་གྱི་གཞི་རྩའི་གནས་ཚུལ་རྒྱས་ཤིང་རྒྱས་པ་ཞིག་བཟོས་པས། གནད་སྨིན་དབུལ་སྐྱོར་གྱི་འདུ་ཤེས་སྔར་ལས་གཏིང་ཟབ་ཏུ་གྱུར་བར་མ་ཟད། དོ་དམ་དང་ལག་ལེན་དུ་བསྟར་བ་ལའང་དགེ་མཚན་ལྡན་ནོ། ། 








དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1