སི་ཕན་གྱི་བྲག་ཕུག་ཞིག་ཏུ་ལོ་ངོ་ཁྲི་1.45ཡི་ལོ་རྒྱུས་ལྡན་པའི་ལྡེབས་རིས་གསར་རྙེད་བྱུང་།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།ཀྲུང་གོའི་གསར་འགྱུར་དྲ་བ། སྤེལ་དུས། 10-19


        ལྡེབས་རིས་ཁྲོད་ཀྱི་གཟུགས་རིས་ནི་རྟ་དང་ནོར། འབྲོང། ར་མ་དང་གཞན་མ་མཐའ་ཡང་སེང་གེ་གཉིས་ཡོད་པ་དང་གཟུགས་གཞིའི་བོངས་ཚད་ལ་ལི་སྨི་150ཡོད་པ་རེད།  
        ཟླ་10པའི་ཚེས་18ཉིན། འཕྲིན་སྦྱོར་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ། སི་ཕན་གྱི་བྱང་རྒྱུད་ཀྱི་གྲོང་རྡལ་ཆུང་ཆུང་ལེ་ཁའེ་ཏི་ཨའོ་རུ་གནའ་རྫས་རྟོག་དཔྱོད་རིག་པས་བྲག་ཕུག་ཅིག་གི་ནང་ལྡེབས་རིས་50ལྷག་གསར་རྙེད་བྱུང་ཞིང་། རགས་རྩིས་བྱས་པ་ལྟར་ན་ལོ་ངོ་ཁྲི་1.45ཡི་ལོ་རྒྱུས་ལྡན་པ་རེད།  
        རྒྱུས་ལོན་བྱུང་བ་ལྟར་ན། བྲག་ཕུག་འདི་མི་སྒེར་གྱིས་བསྐྲུན་པའི་ཁང་བའི་འོག་ཏུ་འདུག་པས་བྲག་ཕུག་ནང་དུ་འགྲོ་དཀའ་བ་དང་ས་གནས་དེ་གའི་སྲིད་འཛིན་ལས་ཁུངས་ཀྱིས་ལྡེབས་རིས་དེ་དག་ཉར་ཚགས་ལེགས་པོ་བྱ་འཆར་ཡོད་པས་ཕྱི་ཕྱོགས་ལ་སྒོ་ཕྱེས་མི་འདུག།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1