རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། དཀར་མཛེས་དར་རྒྱས་དགོན་གྱི་མཆོག་སྤྲུལ་རྒྱལ་བསྟན་བློ་བཟང་བྱམས་པ་མཆོག་ནི་རྒྱལ་གཅེས་ཆོས་གཅེས་ཀྱི་སྤྲུལ་སྐུ་བཟང་པོ་ཞིག་ཡིན་པ་དགོན་སྡེ་དང་དད་ལྡན་མང་ཚོགས་རྣམས་ཀྱིས་ཡོངས་གྲགས་སུ་ཁས་ལེན་བྱེད་བཞིན་ཡོད།
རྒྱལ་བསྟན་བློ་བཟང་བྱམས་པ་མཆོག་ཉིད་དུས་རྒྱུན་གཞི་རིམ་དང་དགོན་པ་སོགས་སུ་ཐེངས་མང་ཕེབས་ཏེ་བརྟག་དཔྱད་ཞིབ་འཇུག་གནང་ལ་ཁོང་གིས་གཙོ་འགན་གནང་ནས་བྲིས་པའི་《 དཀར་མཛེས་ཁུལ་གྱི་དགོན་སྡེའི་བརྟན་བརླིང་གནས་ཚུལ་གྱི་བརྟག་དཔྱད་སྙན་ཞུ།》 《 དཔལ་ཡུལ་སོགས་བྱང་ཕྱོགས་རྫོང་ཁག་བདུན་གྱི་གཞི་རིམ་སྲིད་གྲོས། ནང་བསྟན་མཐུན་ཚོགས་དང་གནད་ཆེའི་དགོན་པའི་སྐོར་གྱི་ཞིབ་དཔྱད་སྙན་ཞུ།》 《 ཉག་རོང་། ལི་ཐང་། བརྒྱད་ཟིལ་སོགས་རྫོང་ཁག་བཅུ་གཅིག་གི་གཞི་རིམ་སྲིད་གྲོས། ནང་བསྟན་མཐུན་ཚོགས་དང་གནད་ཆེའི་དགོན་པའི་སྐོར་གྱི་ཞིབ་དཔྱད་སྙན་ཞུ།》 《 དར་མདོ་རྫོང་བོད་རྒྱུད་ནང་བསྟན་ལས་དོན་སྐོར་གྱི་ཞིབ་དཔྱད་སྙན་ཞུ།》སོགས་རིན་ཐང་ལྡན་པའི་ཞིབ་དཔྱད་སྙན་ཞུ་འདི་དག་ལ་ཁུལ་ཨུའི་དབུ་ཁྲིད་གཙོ་བོ་རྣམས་ཀྱིས་མཐོང་ཆེན་དང་གདེང་འཇོག་གནང་།སྤྲུལ་སྐུ་རྒྱལ་བསྟན་བློ་བཟང་བྱམས་པས་དཀར་མཛེས་ཁུལ་རྒྱལ་གཅེས་ཀྱི་ཆོས་ལུགས་ལས་རིགས་མི་སྣར་ནང་ཆོས་ཀྱི་སྲོལ་རྒྱུན་བཟང་པོ་འདོན་སྤེལ་བྱེད་པར་སྐུལ་སློང་མཛད། ནགས་ཚལ་དང་རྩྭ་ཐང་ལ་སྲུང་སྐྱོབ་དང་ཟད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པའི་ལས་ཀ་གང་མང་བསྒྲུབས་ཏེ། གང་མོས་ཀྱིས་ཤིང་གཅོད་པ་དང་རི་དྭགས་རྔོན་པའི་ལས་ཀ་ལས་མི་རུང་བའི་བསམ་འཆར་བཏོན།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པ་(གཡས་ཀྱི་གཉིས་པ།)རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་རྣམས་དང་མཉམ་དུ་བསྐྱོན་པའི་འདྲ་པར།
全国人大代表、甘孜州政协副主席、州佛教协会会长甲登·洛绒向巴(左二)与全国人大甘孜州代表在人民大会堂前留影
བོད་བརྒྱུད་ནང་བསྟན་གྱི་བྱམས་སྙིང་རྗེ་དང་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བའི་བསམ་བློར་དམིགས་ནས། སྤྲུལ་སྐུ་རྒྱལ་བསྟན་བློ་བཟང་བྱམས་པ་མཆོག་གིས་ཝུན་ཁྲོན་ས་འགུལ་ཆེན་མོ་དང་། ཐའེ་ཝན་མོ་ལ་ཁོའི་རླུང་འཚུབ་དྲག་པོ། ལྷོ་ནུབ་ས་ཁུལ་གྱི་ཐན་སྐྱོན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ས་འགུལ། ཀན་སུའུ་ཞིང་ཆེན་འབྲུག་ཆུའི་འདམ་རུད་བཅས་གནོད་ཐེབས་ས་ཁུལ་ཏུ་རོགས་སྐྱོར་ཞལ་འདེགས་ཀྱི་བྱ་འགུལ་སྤེལ་བ་ལ་ཁུལ་ཡོངས་ཀྱི་ནང་བསྟན་ལས་རིགས་ཀྱིས་བསྔོ་བའི་བྱེད་སྒོ་ཆིག་སྟོང་ལྷག་ཙམ་སྤེལ་བ་དང་། ནང་བསྟན་ལས་རིགས་དང་ནང་བསྟན་མཐུན་ཚོགས་ཀྱི་ལས་བྱེད་པའི་དགེ་བའི་དངུལ་གྱི་ཞལ་འདེབས་ཁྱོན་བསྡོམས་དམངས་སྒོར་བྱེ་བ་3ལྷག་ལ་སླེབས།
དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལྔ་གཉིས་གསུམ་སློབ་གསོ་བྱེད་སྒོའི་སྒྲོག་འགྲེལ་མི་སྣར་རྒྱལ་བསྟན་བློ་བཟང་བྱམས་པས་གསུང་བཤད་གནང་བཞིན་པ།
甲登·洛绒向巴为甘孜州佛教协会“五二三”学教活动宣讲人员(格西)做培训讲座
རང་ཁུལ་གྱི་ནང་བསྟན་ལས་རིགས་ནང་འདུལ་ཁྲིམས་ལྷོད་གཡེང་དང་། ཆོས་ལ་ཁ་གཡར་ནས་སྒེར་དོན་སྒྲུབ་པ། ཕན་ཚུན་བསྡུར་རེས་བྱེད་པ། ཆོས་དད་མང་ཚོགས་དང་ཁ་བྲལ་བ་མ་ཟད་ཆོས་གཞུང་ཉམས་ལེན། རིག་གནས་ཆུ་ཚད། བཅའ་ཁྲིམས་འདུ་ཤེས་སོགས་སྤྱི་ཚོགས་འཕེལ་རྒྱས་དང་མི་མཐུན་པའི་གནས་ཚུལ་ལ་གཞིགས་ནས། 2014ལོར་ཁོང་གིས་ཁུལ་ཡོངས་ཀྱི་ནང་བསྟན་ལས་རིགས་ནང་དགའ་ཞེན་ལྔ་དང་བསྲུང་བྱ་གཉིས་འགན་ཁུར་ གསུམ་གྱི་སློབ་གསོའི་བྱ་འགུལ་སྤེལ་རྗེས། རྒྱ་ཆེའི་གྲྭ་བཙུན་རྣམས་ལ་གཏིང་ཟབ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་བཅའ་ཁྲིམས་དྲིལ་བསྒྲགས་ཀྱི་སློབ་གསོ་སྤེལ། ཆོས་ཀྱི་སྙིང་པོ་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཐོག་ནས་རྒྱལ་གཅེས་ཁྲིམས་སྲུང་གི་འདུ་ཤེས་སྲ་བརྟན་དུ་གཏང་བ་དང་། བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་ཡོངས་ཁྱབ་མཐོར་འདེགས་སུ་གཏང་བ་སོགས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་བརྟན་བརླིང་ཡོང་བར་རོགས་འདེགས་མཛད། སློབ་གསོའི་བྱ་འགུལ་དེར་ཏང་ཨུ་དང་སྲིད་གཞུང་གི་ཁས་ལེན་དང་སྤྱི་ཚོགས་ལས་རིགས་ཁག་གི་བསྟོད་བསྔགས་ཐོབ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་དཀར་མཛེས་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་སྐབས། ལྔ་གཉིས་གསུམ་གྱི་སློབ་གསོ་བྱ་འགུལ་ནི་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་པར་ཁྲིད་སྟོན་བྱེད་པའི་ནུས་པ་ལྡན་པའི་ཐབས་ལམ་ཞིག་རེད་ཅེས་གསུངས། ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པས་ཆོས་ལུགས་མི་སྣའི་དམིགས་བསལ་གྱི་ཤུགས་རྐྱེན་དེ་བེད་སྤྱད་ནས། སེམས་ཅན་ཐམས་ཅད་བདེ་བ་དང་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་དར་སྤེལ་གཏང་བ། རྒྱལ་ཕན་དང་དམངས་ཕན་དམིགས་ཡུལ་དུ་བྱས་ནས་རྒྱལ་ཁྲིམས་ལ་བརྟེན་ནས་དགོན་པ་སྐྱོང་བ་དང་། ཆོས་ཁྲིམས་ལ་བརྟེན་ནས་གྲྭ་བཙུན་སྐྱོང་བའི་ནང་བསྟན་མཐུན་ཚོགས་ལས་དོན་གྱི་བསམ་གཞི་སྟོན་པ་དང་། ཏང་དང་སྲིད་གཞུང་གི་ནང་བསྟན་ལས་རིགས་མི་སྣ་དང་ཆོས་དད་མང་ཚོགས་བར་གྱི་འབྲེལ་ཟམ་ལྟ་བུའི་ནུས་པ་ཐོན་པ་བྱ་དགོས་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་སྙིང་དོན་ནན་པོར་སློབ་སྦྱོང་བྱེད་པ། ཏང་ཨུ་དང་སྲིད་གཞུང་གི་མི་རིགས་ཆོས་ལུགས་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་ལག་བསྟར་བྱེད་པར་ཧུར་བརྩོན་གྱིས་རོགས་འདེགས་བྱས་ནས། ནང་བསྟན་ལས་རིགས་སུ་ཀྲུང་གོའི་རླབས་ཆེ་བའི་ཕུགས་འདུན་མངོན་འགྱུར་ཡོང་བས་སྣེ་ཁྲིད་ཀྱི་ནུས་པ་ཐོན་པ་བྱ་དགོས། མཛེས་སྡུག་སྐྱེས་ཁམས་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་འཛུགས་སྐྲུན་བྱེད་པར་ཞུགས་པའི་མི་སྣ་དང་ལག་ལེན་པ། སྐུལ་འདེད་པ་ཡིན་ཕྱིར་མིག་དཔེ་བཞེངས་པ་དང་དཔེ་ལྟ་སའི་ནུས་པ་ཐོན་པ་བྱ་དགོས་ཞེས་གསུངས། །
རྒྱལ་བསྟན་བློ་བཟང་བྱམས་པ་(གཡོན་གྱི་དང་པོ།)གཞི་རིམ་ལ་རྟོག་ཞིབ་ཏུ་ཕེབས་པ།
甲登·洛绒向巴(右一)在基层调研