རང་ཞིང་གིས་ཁ་གཏད་བོད་སྐྱོར་ལས་ཀའི་མཐོ་རིམ་ཇུས་འགོད་དང་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བཏང་།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 10-27



ཕྱག་ཕྲེང་རྫོང་གི་ཞིང་གྲོང་གི་རྣམ་པ་གསར་པ། ལི་ཞང་ཡུས་ཀྱིས་པར་བླངས།
藏乡幸福家园之乡城县农牧民定居点 图 / 李向雨

ཐོན་ཁུངས་ཀྱི་མངོན་མེད་ནུས་ཤུགས་འདོན་སྤེལ་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་དྲག་ཏུ་བཏང་བ།

发掘资源潜力 增强产业发展动力
        དབྱར་འགོ་ཚུགས་དུས། འཛམ་གླིང་གི་མཐོ་གྲོང་ཞེས་མིང་དུ་གྲགས་པའི་ལི་ཐང་རྫོང་དུ་ཡུལ་སྐོར་བ་མང་པོ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་སླེབས། ལི་ཐང་དུ་རླངས་འཁོར་ཞབས་ཞུའི་ལས་རིགས་གཉེར་བཞིན་པའི་གཡག་རྔ་བ་ཧེ་ཏི་ཆིན་གྱིས་བཤད་རྒྱུར། ལི་ཐང་རྫོང་གིས་གསར་དུ་བསྐྲུན་པའི་ལི་ཧྲན་ལམ་ཐོག་དུ་བསྐྱོད་སྐབས་དཀར་མཛེས་ཁུལ་ལི་ཐང་རྫོང་ལ་ལོ་འདི་དག་གི་རིང་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། རླངས་འཁོར་བགྲོད་ཚད་ཇེ་མང་དུ་སོང་བས་ད་ལྟའི་ཡོང་འབབ་ཡང་ལྡབ་འགྱུར་གྱིས་ཇེ་མང་དུ་ཕྱིན།
        སི་ཁྲོན་བོད་ཁུལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་ཞིང་། སྤྱི་ལོ་2012ལོ་ནས་བཟུང་7+20ཞེས་པའི་ཁ་གཏད་བོད་སྐྱོར་བྱེད་པའི་ཁྲོད་དུ། རོགས་སྐྱོར་བྱེད་མཁན་སོ་སོས་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་བ་དེ་གཙིགས་སུ་བཟུང་ཞིང་ལག་རྩལ་དང་ཐོན་ཁུངས་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པར་མཐོང་ཆེན་བྱས་ཏེ། ཐོན་སྐྱེད་བྱེད་ཐབས་གསར་པ་དང་ཐོན་སྐྱེད་ནུས་ཤུགས་གསར་པ་བོད་ཁུལ་དུ་ནང་འདྲེན་བྱས་པ་མ་ཟད། བོད་ཁུལ་གྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་བར་སྟོང་རྒྱ་བསྐྱེད་བཏང་ཐོག་ནུས་ལྡན་སྒོས་བོད་ཁུལ་གྱིས་རང་ངོས་འཕེལ་རྒྱས་གཏོང་བའི་ནུས་པ་མཐོར་འདེགས་སུ་བཏང་ཡོད།
        བོད་ཁུལ་དུ་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ཡོད་པས། རོགས་སྐྱོར་མཁན་སོ་སོའི་བོད་ཁུལ་གྱི་སྤུས་ལྡན་ཡུལ་སྐོར་ལྗོངས་ཁུལ་འཛུགས་སྐྲུན་དང་ཁྱད་ལྡན་ཡུལ་སྐོར་ཐོན་ལས་གསར་འབྱེད་ལ་དམིགས་ནས། ཧུར་ཐག་གིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་དང་ལྗོངས་ཁུལ། ལམ་ཐིག་མཛེས་བཟོ། ཚོང་གཉེར་འཆར་འགོད། དེ་མིན་ཡུལ་སྐོར་ཤེས་ལྡན་མི་སྣ་གསོ་སྦྱོང་དང་ཚོང་འགུག་ལས་ཀ་སོགས་ཀྱི་ཐད་རོགས་སྐྱོར་ཧུར་ཐག་བྱས་ཏེ། བོད་ཁུལ་གྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་གསར་འབྱེད་དང་དོ་དམ་ཆུ་ཚད་ཇེ་མཐོར་བཏང་། ཁྲེན་ཏུའུ་གྲོང་ཁྱེར་ཁྲེན་ཧ་ཆུས་ཀྱིས་སི་ཁྲོན་ཡུལ་སྐོར་ཚོགས་པར་སྐུལ་མ་བཏང་སྟེ། མ་དངུལ་སྒོར་དུང་ཕྱུར་20ལྷག་བཏང་ནས་རོང་བྲག་རྫོང་ཡུལ་སྐོར་འཕེལ་རྒྱས་ཀྱི་ནང་དུ་ཞུགས་པ་དང་། སྐྱ་གད་བོད་ཁྱིམ་གྱི་4Aརིམ་པའི་ལྗོངས་ཁུལ་གསར་སྐྲུན་བྱེད་པར་སྐུལ་འདེད་བཏང། ལིའུ་ཀྲུའུ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་1དང་བྱེ་བ་3ས་ཡ་2བཏང་ནས་འདབ་པ་དང་ཉི་སྟེང་སོགས་ལྗོངས་ཁུལ་གསར་གཏོད་འཆར་འགོད་བྱས་པ་དང་། ཡུལ་སྐོར་དྲིལ་བསྒྲགས་ཀྱི་བརྙན་ཐུང་ལེན་པར་གཞོགས་འདེགས་བྱས་ཏེ་ཡུལ་སྐོར་གྱི་གཟུགས་བརྙན་མཐོར་འདེགས་སུ་བཏང་།
        བོད་ཁུལ་ཐོན་ཁུངས་ཀྱི་ལེགས་ཆ་དང་ཟུང་སྦྲེལ་བྱས་ཏེ། ཧུར་ཐག་གིས་རོགས་སྐྱོར་དང་ལེན་བྱས་པའི་རྫོང་གི་ཡུལ་བབ་དང་བསྟུན་ནས་ནོར་ནག་དང་ལུག ནས། སྨན་རྩྭ། ཤིང་ཏོག་དང་སྔོ་ཚལ། ཤ་མོ་སོགས་ཁྱད་ལྡན་ཐོན་ལས་ འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱས། ཁྲེན་ཏུའུ་གྲོང་ཁྱེར་གྱི་ཆིན་དབྱང་ཆུས་ཀྱིས་ལོ་རེར་མ་དངུལ་སྒོར་ཁྲི་600ཡི་རོགས་དངུལ་གཏོང་འཇོག་བྱས་ནས། སྡེ་རོང་རྫོང་གི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་མུའུ་10284བསྐྲུན་པར་རོགས་སྐྱོར་བྱས། ཕན་ཀྲི་ཧྭ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་5000བཏང་སྟེ་མུ་ལི་རྫོང་གི་ཀྲུང་ལུགས་སྨན་རྩྭ་དང་ཕག་སོགས་རྣམ་གྲངས་12ལ་རོགས་སྐྱོར་བྱས།

        དེ་མིན་ད་དུང་ཧུར་ཐག་གིས་ས་ཁོངས་བརྒལ་བའི་གླིང་ཁུལ་མཉམ་བསྐྲུན་མཉམ་ལས་ལ་འཚོལ་ཞིབ་བྱས་ནས་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཁྲེན་ཏུའུ་གྲོང་ཁྱེར་གྱིས་ཁྲེན་ཏུའུ་དང་རྔ་བའི་བཟོ་ལས་གླིང་གི་ཉམས་མྱོང་སྐོར་བེད་སྤྱོད་གང་ལེགས་བྱས་ཏེ། ཚད་གཞི་མཐོ་ཞིང་རྐང་ཚུགས་ས་མཐོ་བའི་སྒོས་ཁྲེན་ཏུའུ་དང་དཀར་མཛེས་ཀྱི་བཟོ་ལས་གླིང་འཛུགས་གྲབས་བྱས་པ་ལས། དཀར་མཛེས་ཀྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་ཁྲེན་ཏུའུ་ཡི་ཅུང་ལེགས་པའི་ས་བབ་བར་ནུས་ལྡན་སྒོས་གཅིག་སྒྲིལ་དང་ཁ་གསབ་མངོན་འགྱུར་བྱུང་ཞིང་དཔལ་འབྱོར་གྱི་ཕན་འབྲས་འདོན་སྤེལ་ཆེས་ཆེར་བྱུང་། ཏའེ་དབྱང་གྲོང་ཁྱེར་གྱི་ཧུར་ཐག་གིས་ཏའེ་དབྱང་དང་རྔ་བའི་སྐྱེ་ཁམས་དཔལ་འབྱོར་ཐོན་ལས་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཐོག་ཁེ་ལས་འཕེལ་རྒྱས་ལ་རོགས་འདེགས་བྱས་པ་དང་།མིག་སྔར་ཁེ་ལས་3དེའི་ཁྲོད་དུ་ཞུགས་ཡོད་པ་རེད།


ཧོང་ཡོན་རྫོང་འོམ་ཐང་གི་མེ་ཏོག་མཚོའི་ལྗོངས་ཁུལ་དུ་ཡུལ་སྐོར་དུས་ཚིགས་བསུས་ཤིང་མང་ཚོགས་ཀྱི་ཡོང་འབབ་འཕར། མགོན་པོ་དཔལ་ཆེན་གྱིས་པར་བླངས།
“花海经济”开启农牧民增收新模式 图 / 贡波华清

སྒྲིག་གཞི་ལེགས་པོར་བཙུགས་ཏེ་དུས་ཡུན་རིང་པོར་མང་ཚོགས་ལ་ཕན་ཐོགས་པར་བྱ་དགོས།
强化机制建设 确保任务保质完成
        ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་གཅིག་གྱུར་བཀོད་སྒྲིག་ལྟར་ལུའུ་ཀྲོའུ་གྲོང་ཁྱེར་གྱིས་དཀར་མཛེས་ཁུལ་གྱི་ཕྱག་ཕྲེང་རྫོང་དང་འདབ་པ་རྫོང་གཉིས་ལ་ཁ་གཏད་རོགས་སྐྱོར་བྱས། བོད་སྐྱོར་ལས་ཀ་ལེགས་པོར་བསྒྲུབ་ཆེད་ལུའུ་ཀྲོའུ་གྲོང་ཁྱེར་དང་དཀར་མཛེས་ཁུལ་གྱིས་སྒྲིག་གཞི་གསར་གཏོད་ལ་ཤུགས་སྣོན་དང་ཕྱོགས་གཉིས་མཉམ་འགུལ་ལ་གཙིགས་འཛིན་བྱས། ཕྱོགས་གཉིས་ཀྱིས་ཡང་སྙིང་སྒྲིག་གཞི་ཡག་པོ་ཇི་འདྲ་ཞིག་བཙུགས་ཡོད་པ་དང་དེ་ལ་ཕན་འབྲས་ཅི་ཞིག་ཡོད་དམ། སྤྱི་ཟླ་6པའི་ཚེས་15ཉིན། གསར་འགོད་པས་ཕྱག་ཕྲེང་རྫོང་དུ་བསྐྱོད་པའི་ལུའུ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པའམ་ཤེས་ལྡན་མི་སྣའི་སྐོར་ཁག་གསུམ་པའི་རུ་དཔོན་གཞོན་པ། ཕྱག་ཕྲེང་རྫོང་གི་རྫོང་དཔོན་གཞོན་པ་དབྱང་ཀུའོ་ཁྲའོ་ལ་བཅར་འདྲི་བྱས།
གསར་འགོད་པ། བོད་སྐྱོར་ཐད་དུ་རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱ་ཡུལ་ཕྱོགས་གཉིས་ཀས་སྒྲིག་གཞི་ཡག་པོ་ཅི་ཞིག་བཙུགས་ཡོད།
        དབྱང་ཀུའོ་ཁྲའོ། ལུའུ་ཀྲོའུ་གྲོང་ཁྱེར་གྱིས་《ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་བོད་སྐྱོར་རོགས་སྐྲུན་དང་འབྲེལ་བའི་ལས་ཀ་སྔར་ལས་ཚད་ལྡན་བཟོ་རྒྱུའི་སྐོར་གྱི་བརྡ་ཐོ།》འགྲེམ་སྤེལ་བྱས་པ་དང་། ཕྱག་ཕྲེང་རྫོང་ཨུ་རྩ་འཛུགས་པུའུ་ཡིས་《བོད་སྐྱོར་ལས་བྱེད་ཤེས་ལྡན་པའི་དོ་དམ་ཞབས་ཞུའི་བྱ་ཐབས།》འཐུས་ཚང་དུ་བཏང་། ཕྱོགས་གཉིས་ཀྱིས་མཉམ་དུ་《ལུའུ་ཀྲོའུ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྲུན་རྣམ་གྲངས་དོ་དམ་བྱེད་ཕྱོགས་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས།》 དང་《ལུའུ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་མ་དངུལ་དོ་དམ་བྱེད་ཕྱོགས་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས།》གཏན་འབེབས་བྱས་ཏེ་ལམ་ལུགས་ཀྱི་ཐོག་ནས་བོད་སྐྱོར་ལས་ཀ་སྒྲིག་སྲོལ་བཞིན་བསྒྲུབ་པར་ཁག་ཐེག་བྱས།
        མིག་སྔའི་བར་དུ། ལུའུ་ཀྲོའུ་གྲོང་ཁྱེར་དང་དཀར་མཛེས་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཕན་ཚུན་འཚམས་འདྲི་ཐེངས་མང་པོར་བྱས་པ་དང་། གྲོང་ཁྱེར་དང་རྫོང་གི་རོགས་སྐྱོར་བྱེད་མཁན་དང་རོགས་བྱ་ཡུལ་ཕྱོགས་གཉིས་ཀྱིས་ལོ་ལྟར་ལས་དོན་སྦྲེལ་མཐུད་ཀྱི་གྲོས་བསྡུར་ཐེངས་མང་བྱས། སྒྲིག་གཞི་རབ་དང་རིམ་པ་བཙུགས་པ་དེས་བོད་སྐྱོར་ལས་དོན་ལེགས་པོར་བསྒྲུབ་པར་ལམ་ལུགས་རང་བཞིན་གྱི་འགན་ལེན་མཁོ་འདོན་བྱས།
        གསར་འགོད་པ། སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱས་ནས་ཕྱག་ཕྲེང་རྫོང་ལ་ནང་དོན་མང་པོའི་ཐད་ནས་རོགས་སྐྱོར་བྱས་འདུག དེ་ན་ས་གནས་དེ་གའི་མང་ཚོགས་ལ་ཕན་པ་དངོས་གང་དག་ཐོགས་ཡོད་པ་དང་ཕྱོགས་གང་གི་སྟེང་ནས་མངོན་ཡོད།

དབྱང་ཀུའོ་ཁྲའོ། དངོས་གནས་རེད། རོགས་སྐྱོར་དང་འབྲེལ་བ་ཡོད་པའི་ནང་དོན་ཧ་ཅང་མང་པོ་ཡོད། སླེ་བཅུག་སྔོ་ཚལ་ལ་དཔེ་བཞག་ནས་བཤད་ན། དུས་ཡུན་རིང་པོའི་ནང་ཕྱག་ཕྲེང་རྫོང་གི་སླེ་བཅུག་སྔོ་ཚལ་གྱི་ཐོན་རྫས་ཕྱི་ཕྱོགས་སུ་བརྟེན་ཚད་ཆེ་བ་དང་རིན་གོང་མཐོ་བ་སོགས་དོན་དངོས་ཀྱི་གནད་དོན་འདི་དག་ལ་གཞིགས་ནས། བོད་སྐྱོར་ལས་བྱེད་པས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་བླང་བྱ་ལྟར་རིན་གོང་སྙོམས་སྒྲིག་སྒྲིག་གཞིས་སྐྱོར་འདེགས་འོག ཚོང་གཉེར་བྱེད་མཁན་ཚོའི་ཚོང་ཁང་གི་ཁང་གླ་དང་ལེགས་བཟོའི་གླ་ཆ། ཁྲལ་རིན་སོགས་ལ་ཁ་གསབ་རོགས་སྐྱོར་དང་ཕན་ཆེའི་བྱེད་ཐབས་བཀོལ་བ་དང་། དུས་མཚུངས་སུ་ཚོང་གཉེར་ཆོག་འཐུས་དང་དཔྱད་ཞིབ། ཕྱིར་ལེན་བཅས་ཀྱི་ལམ་སྲོལ་བཙུགས་ཤིང་། ད་དུང་ཁོང་ཚོའི་སྣེ་ཁྲིད་འོག་དམངས་ཕན་གོང་ཁེའི་སྒོ་རྩིས་ཚོང་ཁང་བཙུགས་པས་ས་གནས་དེ་གའི་མང་ཚོགས་ལ་དངོས་སུ་ཕན་ཐོགས་ཡོད། ། 

ཁ་ཁ་གཏད་རོགས་སྐྱོར་ཁྲོད། དཔལ་ཡུལ་རྫོང་གི་ཞིང་དུད་ཅིག་གིས་སྡོད་ཁང་གསར་པ་སྐྲུན་བཞིན་པ། ཧེང་ཁྲང་ཧུའེ་ཡིས་པར་བླངས།
白玉县对口支援中的新居建设 图 / 衡昌辉


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1