སྲོད་དུས་ཀྱི་རྨི་ལམ་སླེ་གང་།
དུར་བྱང་། (དཀར་མཛེས། ) རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 10-27
མི་རྣམས་སྒྱུ་རྩལ་ལ་དགའ།
ཉི་མར་ལྡེ་བའི་ཨ་ཅག་དེས།
ང་ཡི་དྲན་པ་བརྐུས་སོང་།
མགོ་སྐྲ་ཧ་ཅང་མཛེས།
མིག་གི་མཐའ་ལ་འོད་སྣང་ཞིག
རྟེན་འབྲེལ་གྱི་རྒྱུད་སྐུད་དཀྲོལ་བའི་སྒྲ་དབྱངས་ལ་འཁྲུལ།
ལྷིང་ཞིང་འཇགས་པའི་གནས།
རླུང་བུ་ཡང་མོ་ཞིག་ཀུན་གྱི་ལུས་ལ་སིམ།
ངལ་དུབ་ཀྱི་ཉི་མས་གྱེས་ཕྱག་ཕུལ་རྩིས་ཡིན་ནམ།
མེ་ཏོག་ཟུམ་པའི་སྔ་རྗེས་སུ།
ཅི་ཞིག་བོར་སོང་བ་ལྟར།
སྲང་ལམ་སོ་སོར་འདུར་རྒྱུག་བྱས།
སུ་ཞིག་གིས་ངའི་མིང་ནས་འབོད་བཞིན་འདུག
སྤྲོ་སྣང་དང་བཅས། རྒྱུས་མངའ་ཡོད་པའི་ངང་།
ངས་ཁོ་ལ་ཅི་ཡང་འཆད་མི་སྲིད།
གལ་ཏེ།
འཚུབ་ཆ་མེད་པར་ནང་དུ་ལོག་འོང་དུས།
ངས་སྒུག་མི་སྲིད། ང་རང་མུ་མཐུད་འགྲོ་དགོས།
མ་གཞིར།
ངས་འགྲོ་མཚམས་བཞག་ཅིང་།
ངས་རང་གི་མིག་མདུན་གྱི་འཚོ་བ་འདི་རོལ་ན་ཆོག
གཏན་དུ་མི་བརྗེད་པ་ཞིག
ལག་མཐིལ་ནས་ཉི་མས་སྐམ་སོང་ན།
ང་རང་ནམ་ཡང་ཁེར་རྐྱང་ཡིན་ན་བསམ།
སྡིག་སྒྲིབ་ཀྱིས་སྤྲིན་པ་མཉེན་ཤུལ་དུ།
བཙལ་ཡང་མི་རྙེད་པའི་དུས་ཚིགས་དེར།
ང་ལ་ལྷག་པ་ནི་སེམས་ཁྲལ་ལྷག་མ་ཞིག
ཀྱེ། གཏིང་ཟབ་པའི་གཟུགས་མེད་ཀྱི་སྡུག་བསྔལ་འདི་དག
ད་ལྟ་མུ་གེས་གདུང་བའི་མི་རྣམས་ཀྱི་འདོད་བློ་ཡིན་ནམ།