༄༅།། སེམས་ཀྱི་འབབ་ཚིགས།

རྣམ་སད་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 11-02


འབབ་ཚིགས་ཤིག་བརྒྱུད་མཐར།

འབབ་ཚིགས་རེ་རེ་བརྒྱུད་ནས་རྫོགས་རྒྱུ་མེད་པ་ཚོར་བྱུང་།


ང་རང་འབབ་ཚིགས་རེ་རེ་ནས་ལམ་ལ་མཆིས་དུས།
ག་ཤེད་ཅིག་ཏུ་འགྲོ་བཞིན་ཡོད་པ་མི་ཤེས་པར།

ངལ་དུབ་དང་གནོན་ཤུགས་རུམ་གང་ཁྱེར་ནས་སོང་བ་ཡིན།


འབབ་ཚིགས་རེ་རེར་སླེབས་དུས།
ངལ་དུབ་དང་ན་ཟུག་སེལ་སའི་གནས་མལ་དྲོན་མོ་ཞིག་ལ་བསྙེག་ཀྱང་།

འཁྱག་སིབ་སིབ་ཀྱི་ཁ་བའི་ཁང་ཁྱིམ་ཞིག་ལས་ཅི་ཡང་མ་རྙེད།


ངས་འབབ་ཚིགས་ཇི་ལྟར་མང་པོ་ཞིག་བརྒྱུད་ཀྱང་།
འབབ་ཚིགས་རེ་རེར་དགུན་ཁ་སླེབས་འདུག་པ་ལས།

དབྱར་གཞུང་གི་བདེ་དྲོད་ཅིག་ལ་འཕྲད་མ་བྱུང་།


དེ་བས་འབབ་ཚིགས་ཞོལ་མའི་མཚམས་ནས།
ངས་ཡང་བསྐྱར་རང་སེམས་ལ་འབབ་ཚིགས་བརྟན་པོ་ཞིག་བཟོས་ནས།
ཁྱེད་ཕྱོགས་ཀྱི་འབབ་ཚིགས་སུ་གོམ་ཁ་བསྒྱུར་སྲིད།

ཁྱེད་ཀྱིས་ཅིས་ཀྱང་ང་ལ་འཛུམ་གྱིས་བསུ་མ་ཞིག་ཡོད་པར་སྨོན།


སྙིང་ཉེ་བའི་ཨ་མ་གསུམ་པར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1