ཞི་ཅིན་ཕིང་གིས་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་དགུ་པའི་འཐུས་མི་ཡོངས་དང་ཀྲུང་གོའི་གསར་འགྱུར་བྱ་དགའ་དང་ཁྲང་ཅང་ཐའོ་ཧྥེན་བྱ་དགའ་ཐོབ་མཁན་གྱི་འཐུས་མི་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-08


      


        སྤྱི་ཟླ་11པའི་ཚེས་7ཉིན། ཀྲུང་གོའི་གསར་འགོད་པའི་དུས་ཆེན་སྐབས་བཅུ་བདུན་པ་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་དོན་གཉེར་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་དགུ་བའི་གྲོས་ཚོགས་ཐེངས་དང་པོ་དང་ཀྲུང་གོ་གསར་འགྱུར་བྱ་དགའ་དང་། ཁྲང་ཅང་ཐའོ་ཧྥིན་བྱ་དགའ་གནང་བའི་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མི་ཡོངས་དང་བྱ་དགའ་ཐོབ་མཁན་གྱི་འཐུས་མི་ལ་བརྩེ་བའི་མཇལ་འཕྲད་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བ་ལེགས་པར་བསྒྲུབས་ནས། གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་པ་ནི། རྒྱལ་སྐྱོང་སྲིད་འཛིན་དང་རྒྱལ་ཁམས་བདེ་འགོད་ཀྱི་དོན་ཡིན། ཏང་ཀྲུང་དབྱང་གིས་གསར་འགྱུར་གླེང་ཕྱོགས་བྱ་བར་ཧ་ཅང་མཐོང་ཆེན་བྱས་ཏེ། ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བ་བཟང་པོར་བསྒྲུབ་པར་རེ་བ་གསལ་པོ་བཏོན་ཡོད་པས། ཚང་མས་དེ་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱེད་པ་དང་། ཀྲུང་དབྱང་གི་སྨྱན་བྱད་གཙོ་བོ་དང་རིམ་པ་སོ་སོའི་སྨྱན་བྱད་ཇེ་བཟང་ནས་ཇེ་བཟང་དུ་བཏང་སྟེ། ཏང་དང་མི་དམངས་ཀྱི་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པ་དང་། ཏང་དང་མི་དམངས་ཀྱིས་བློ་གཏད་ཆོག་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་ཞིག་བྱ་དགོས་ཞེས་ནན་གྱིས་བསྟན།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན་མཇལ་འཕྲད་ལ་ཞུགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1