ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་ཁེ་ལས་ཀྱི་ཏང་གི་འཛུགས་སྐྲུན་དང་། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་བྱ་བའི་གྲོས་ཚོགས་འཚོགས།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-10
སྤྱི་ཟླ་11པའི་ཚེས་9ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་ཁེ་ལས་ཏང་གི་འཛུགས་སྐྲུན་དང་། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་བྱ་བའི་གྲོས་ཚོགས་ཏེ་ཁྲེན་ཏུའུ་ནས་འཚོགས། གྲོས་ཚོགས་ཐོག་རྒྱལ་ཡོངས་གི་རྒྱལ་དབང་ཁེ་ལས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་ཀྱི་རྒྱལ་དབང་ཁེ་ལས་བཅོས་སྒྱུར་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ནས། རང་རེའི་ཞིང་ཆེན་གྱི་རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་སྐྲུན་དང་བཅོས་བསྒྱུར་བྱ་བར་ཀྱིས་བཀོད་སྒྲིག་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིན་ལི་ཡིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་སྟེ། ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་བའི་ཐད་དུ་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལོའུ་གོ་ཀྲུང་གྲོས་ཚོགས་ཀྱི་ཐོག་ཏུ་ཞུགས།
ཝང་ཏུང་མིང་གིས་གཏམ་བཤད་ཀྱི་ཁྲོད་དུ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་ཚུན་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག ཞིང་ཆེན་ཏང་ཨུས་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ཁག་ལག་བསྟར་དོན་འཁྱོལ་བྱས་ནས། དུས་ནམ་ཡང་ཏང་གིས་རྒྱལ་དབང་ཁེ་ལས་ཀྱི་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། རྒྱལ་དབང་ཁེ་ལས་ཀྱིས་ཏང་འཛུགས་སྐྲུན་བྱེད་པ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ལ་བརྩི་བར་ཤུགས་སྣོན་དང་བསྒྱུར་བཅོས་བྱས་ཏེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ཡིས་རྒྱལ་དབང་ཁེ་ལས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ། ཏང་གི་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་ཀུང་སི་བཅོས་སྐྱོང་བྱེད་པ་འཐུས་ཚང་དུ་གཏོང་བ་གཉིས་གཅིག་གྱུར་ཡོང་བ་བྱས་ནས། ཏང་རྩ་འཛུགས་གིས་རྒྱལ་དབང་ཁེ་ལས་བཅོས་སྒྱུར་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་འགོ་ཁྲིད་ཀྱི་སྲོག་ཤིང་དང་ཆབ་སྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་ཞེས་བསྟན།།