སྐབས་བཞི་བའི་སི་ཁྲོན་གྱི་ཞིང་ལས་དངོས་མང་འགྲེམ་སྟོན་ཚོགས་འདུའི་ཞིང་ལས་ཐོན་རྫས་འགྲེམ་སྟོན་འགོ་ཚུགས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-11


        ཟླ་11པའི་ཚེས་10ཉིན། སྐབས་བཞི་བའི་སི་ཁྲོན་གྱི་ཞིང་ལས་དངོས་མང་འགྲེམ་སྟོན་ཚོགས་འདུའི་ཞིང་ལས་ཐོན་རྫས་འགྲེམ་སྟོན་དེ་ཁྲེན་ཏུའུ་ཡི་ཧྲི་ཅུའུ་ཁྲེན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་གསར་བ་ནས་དངོས་སུ་འགོ་ཚུགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལོའུ་ཀའོ་ཀྲུང་འགྲེམ་སྟོན་འགོ་ཚུགས་པའི་མཛད་སྒོའི་ཐོག་ཏུ་ཞུགས་པར་མ་ཟད། སྐབས་བཞི་བའི་སི་ཁྲོན་གྱི་ཞིང་ལས་དངོས་མང་འགྲེམ་སྟོན་གྱི་ཞིང་ལས་ཐོན་རྫས་འགྲེམ་སྟོན་སྒོ་འབྱེད་པ་ཁྱབ་བསྒྲགས་གནང་། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་གཞོན་པ་ཝང་མིང་ཧེ་འགྲེམ་སྟོན་ཁང་སྒོ་འབྱེད་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། 
        སྐབས་འདུའི་ཞིང་ལས་དངོས་མང་འགྲེམ་སྟོན་གྱིས་ཁྱོན་ཡོངས་ནས་སྒོ་འབྱེད་མཉམ་ལས་དང་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་ཞེས་པ་བརྗོད་བྱ་གཙོ་བོར་བཟུང་ནས། བྱེད་སྒོ་གལ་ཆེན་རབ་དང་རིམ་པ་སྤེལ་བ་བརྒྱུད། རྒྱ་ཆེའི་གྲོང་གསེབ་དང་ལྷག་པར་དུ་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཏུ་ཞིང་ལས་བདག་གཉེར་བྱེད་པའི་སྲོག་ཤིང་གསར་པ་གསོ་སྐྱོང་བྱེད་པ། ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་གསར་སྐྲུན་བྱེད་པ། ཞིང་ལས་ཐོན་རྫས་ཉོ་ཚོང་བརྗེ་རེས་དང་ས་ཁུངས་གིས་མཉམ་ལས་བྱེད་པ་སོགས་ཀྱི་ཕྱོགས་ནས་འབྲེལ་ཟམ་བཙུགས་ནས་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་གི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་རུ་བསྒྱུར་བར་སྐུལ་འདེད་བཏང་ནས། རྒྱ་ཆེའི་གྲོང་གསེབ་དང་ལྷག་པར་དུ་དབུལ་ཕོངས་ས་ཁུལ་མགྱོགས་མྱུར་དུ་འཕེལ་རྒྱས་གཏོང་བ་དང་། དབུལ་བྲལ་ཕྱུགས་འགྱུར་ཡོང་བའི་ཐད་དུ་རྨང་གཞི་སྲ་བརྟན་གདིང་ཆེད་ཡིན་པ་རེད། སྐབས་འདིའི་ཞིང་ལས་ཐོན་རྫས་ཀྱི་འགྲེམ་སྟོན་དེ་ཧྲུ་ཅེའི་ཁྲེན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་གསར་བ་ཡི་འགྲེམ་སྟོན་ཁང་དང་པོ་དང་གཉིས་པས་ནང་ནས་འགྲེམ་སྟོན་བྱས་པ་དང་། སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་གསུམ་ལ་ཉེ་བ་ཡོད་པར་མ་ཟད། དེ་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་གྱི་འགྲེམ་སྟོན་ཁུལ། ས་ཁུངས་མཉམ་ལས་གྱི་འགྲེམ་སྟོན་ཁུལ། ནགས་ལས་ཐོན་ལས་འགྲེམ་སྟོན་ཁུལ་བཅས་སུ་དབྱེ་ནས། གཙོ་བོ་ཞིང་ལས་ཐོན་ལས་ཅན་དུ་བསྒྱུར་བའི་སྣེ་འདྲེན་ཁེ་ལས་དང་། ཆེད་ལས་མཉམ་ལས་ཁང་། ཐུན་མོང་གི་དཔལ་འབྱོར་རྩ་འཛུགས། ཁྱིམ་ཚང་གི་ཞིང་ལས། གྲོང་གསེབ་ཀྱི་ཡུལ་སྐོར་སོགས་གསར་དར་གྱི་ཞིང་ལས་བདག་གཉེར་འཕེལ་རྒྱས་སུ་བཏང་སྟེ་དེང་རབས་ཞིང་ལས་འཕེལ་རྒྱས་སུ་འགྲོ་བའི་ཐད་དུ་བླངས་བའི་གྲུབ་འབྲས་དང་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་བཅས་འགྲེམ་སྟོན་བྱ་རྒྱུ་ཡིན་པ་དང་། འགྲེམ་སྟོན་དེ་ཚེས་བཅུ་བཞིའི་བར་དུ་རྒྱུན་བསྲིངས་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1