ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་མཁོ་སྒྲུབ་ལས་ཀའི་གྲོས་ཚོགས་པེ་ཅིང་དུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-11


 
        སྤྱི་ཟླ་11པའི་ཚེས་9ནས་ཚེས་10ཉིན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་མཁོ་སྒྲུབ་ལས་ཀའི་གྲོས་ཚོགས་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་།  ཁོང་གིས་ཏང་གིས་གནས་བབ་གསར་བའི་འོག་ཏུ་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ལ་སྣེ་ཁྲིད་དེ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། འགན་སྲུང་ལེགས་པར་འགྲུབ་པར་དམིགས་ཤིང་མགྱོགས་མྱུར་ངང་བསྒྱུར་འགོད་བསྐྱར་བསྐྲུན་སྤེལ། མཁོ་སྒྲུབ་ཀྱི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་བཟང་དར་སྤེལ་གཏང་དགོས་པར་མ་ཟད། འབད་པ་ཆེན་པོས་སྟོབས་དང་ལྡན་པའི་དེང་རབས་ཅན་གྱི་མཁོ་སྒྲུབ་འཛུགས་སྐྲུན་བྱས་ནས། ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱེད་པར་ནུས་ལྡན་འགན་སྲུང་འདོན་སྤྲོད་བྱ་དགོས་ཞེས་བསྟན། 
        ཞི་ཅིན་ཕིང་གིས་རང་རེའི་དམག་དཔུང་གི་མཁོ་སྒྲུབ་བྱ་བའི་འཕེལ་རིམ་ལ་ཕྱིར་དྲན་བྱས་པར་མ་ཟད་རང་རེའི་དམག་དཔུང་གི་མཁོ་སྒྲུབ་བྱ་བས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་བྱས་རྗེས་ཆེན་པོ་བཞག་པར་ཁས་ལེན་གང་ལེགས་མཛད། ཁོང་གིས་རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་སྟོབས་ལྡན་དུ་གཏང་དགོས་ན་ངེས་པར་དུ་མཁོ་སྒྲུབ་སྟོབས་ལྡན་དུ་གཏང་དགོས། རྒྱལ་སྤྱིའི་དམག་དོན་འགྲན་རྩོད་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་བསྟུན་ནས། རྒྱལ་ཁབ་ཀྱི་ཁེ་ཕན་དང་དམག་དཔུང་གི་འགན་འཁྲི་དང་ལས་འགན་སྔར་ལས་རྒྱ་བསྐྱེད་དགོས་པ་དང་། མཁོ་སྒྲུབ་འཛུགས་སྐྲུན་དེ་སྔར་ལས་འཐབ་འཁྲུག་རྒྱལ་ཕམ་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་དུ་འགྱུར་བར་བྱེད་པ་དང་སྔར་ལས་འཐབ་ཇུས་འགྲན་རྩོད་རང་འགུལ་གྱི་སྟོབས་ཤུགས་དུ་བསྒྱུར་དགོས། རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཕེལ་རིམ་ཁྲོད་དུ་འགན་འཁྲི་ཧ་ཅང་ལྕི་བས་ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་ལས་དོན་འཕེལ་རྒྱས་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད། འཛམ་གླིང་ཡོངས་སུ་ནུས་པ་ལྡན་པའི་དམག་དཔུང་འཛུགས་སྐྲུན་བྱེད་སྐབས་མཁོ་སྒྲུབ་འཛུགས་སྐྲུན་ངེས་པར་དུ་རྗེས་ཆོད་དགོས་པ་དང་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་ཅིས་ཀྱང་མངོན་འགྱུར་བྱ་དགོས། མཁོ་སྒྲུབ་འཐབ་ཕྱོགས་ཀྱི་བློ་མཐུན་ཡོངས་ཀྱིས་ངེས་པར་དུ་བསམ་བློའི་འདུ་ཤེས་ཇེ་མཐོར་གཏོང་བ་དང་འགན་འཁྲིའི་འགན་ཁུར་ནུས་པ་ཇེ་ཆེར་གཏང་དགོས་ཞེས་བསྟན།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1