སྦྲང་རྩི། ཉིན་ལྟར་ཞོགས་པ་གྲོད་པ་སྟོང་པར་སྦྲང་རྩི་ཐུར་མ་གང་བཏུང་ན་དོན་ལྔ་སྣོད་དྲུག་བདེ་འཇགས་ཡོང་བ་དང་། ཁྲག་རྩ་མཁྲེགས་འགྱུར་གྱི་ནད་སྔོན་འགོག་བྱ་ཐུབ་ལ་ད་དུང་ཚེ་ཡང་རིང་དུ་འགྲོ་ཐུབ།
བ་དམ། བ་དམ་ནང་མིའི་ལུས་པོར་དགོས་ངེས་ཀྱི་ཨན་ཅི་སོན་རིགས་མང་པོ་འདུས་ཡོད་པས། རྒྱུན་དུ་ཟས་སྤྱོད་བྱས་ན་རིག་སྟོབས་འཕེལ་བ་དང་ཁྲག་ཤེད་གཅོག་ལ། ཚེ་ཡང་རིང་དུ་འགྲོ་ཐུབ།
ལྒ་སྨུག ཞོགས་ཟས་ཟ་སྐབས་མཉམ་དུ་ལྒ་སྨུག་ཏོག་ཙམ་བཟས་ན། ཁྲག་རྒྱུན་འཁོར་རྒྱུག་དང་འཇུ་བྱེད་ལ་སྐུལ་འདེད་གཏོང་ཐུབ།
ཁ་སུར། ཁ་སུར་ལ་འཚོ་བཅུད་ཕུན་སུམ་ཚོགས་པོ་འདུས་ཡོད་ཅིང་། དེའི་ནང་མངར་ཆ་དང་གཏེར་རྒྱུ་སོགས་འདུས་ཚད་ཅུང་མང་བས་རང་བྱུང་གི་འཚོ་བཅུད་ཅེས་བརྗོད་པས། རྒྱུན་དུ་ཟས་སྤྱོད་བྱས་ན་ཕན་པ་ཆེ།
སྒོག་པ། སྒོག་པར་འབུ་ཕྲ་གསོད་པ་དང་སྐྲན་ནད་འགོག་པ་སོགས་ཀྱི་ནུས་པ་ལྡན་ཡོད་པས། མི་ཚོས་སྒོག་པ་ནི་རང་བྱུང་གི་ཆིང་མའེ་སུའུ་ཡང་ཟེར་སྲོལ་ཡོད་པས་འོས་འཚམ་ཟས་སྤྱོད་བྱས་ན་ལུས་པོར་ཕན་པ་ཆེ།