གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན། (ངེད་གསར་འགོད་པ་ཚེ་འཛིན་སྒྲོལ་དཀར།) སྤྱི་ཟླ་11པའི་ཚེས་13ཉིན། རྒྱལ་ཡོངས་གེ་སར་ཞིབ་འཇུག་གི་ལྷོ་ནུབ་རྟེན་གཞིའི་ལོ་འཁོར་ལས་དོན་ཚོགས་འདུ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་འཚོགས།
ཚོགས་འདུའི་ཐོག་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་ཝང་དབྱང་གིས་ཤིས་ཚིག་ཕུལ་བ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་ཞིབ་འཇུག་ཁང་གི་ཧྲུའུ་ཅི་ཙའོ་ཁེ་ཡིས་གསུང་བཤད་གནང་། རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས《རྒྱལ་ཡོངས་གེ་སར་ཞིབ་འཇུག་གི་ལྷོ་ནུབ་རྟེན་གཞིའི་ཡུན་རིང་འཆར་འགོད།》ལ་བསམ་འཆར་བསྡུ་ལེན་དང་2017ལོའི་གེ་སར་ལས་དོན་དང་འབྲེལ་བའི་གསལ་བཤད་གནང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དབྱང་ཅཱ་མིང་གིས《རང་རྒྱལ་བོད་ཁུལ་གྱི་གེ་སར་པར་རིས་རིག་གནས་ཞིབ་འཇུག》གི་རྣམ་གྲངས་ཞིབ་འཇུག་གི་གནས་ཚུལ་ངོ་སྤྲོད་གནང་།
ཚོགས་ཞུགས་ཆེད་མཁས་པའི་མཉམ་པར།