ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་སྲིད་འཛིན་དུ་བདམས་པའི་ཐི་ལང་ཕུའུ་ལ་གློག་འཕྲིན་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-15


        སྤྱི་ཟླ་11པའི་ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་སྲིད་འཛིན་དུ་བདམས་པའི་ཐི་ལང་ཕུའུ་ལ་གློག་འཕྲིན་བཏང་།
        ཞི་ཅིན་ཕིང་གིས་ཐི་ལང་ཕུའུ་ཨ་མེ་རི་ཁའི་སྲིད་འཛིན་ལ་བདམས་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་བཙུགས་ནས་ལོ་སོ་བདུན་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་སོང་བ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་དོན་གྱི་ཁེ་ཕན་བསྐྲུན་པ་དང་། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་། དར་རྒྱས་བཅས་ལ་སྐུལ་འདེད་བཏང་། དངོས་དོན་ལས་མཉམ་ལས་ནི་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ཡང་དག་པའི་གདམ་གསེས་གཅིག་པུ་ཡིན་པ་བདེན་དཔང་བྱས་ཡོད། དེང་སྐབས་ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་ལས་ལ་གོ་སྐབས་གལ་ཆེན་དང་སྦས་ཤུགས་ཆེན་པོ་ལྡན་པ་དང་། ཕྱོགས་གཉིས་ཀྱིས་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཤིང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏང་དགོས་པ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་རྒྱ་བསྐྱེད་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་མང་པོ་བསྐྲུན་དགོས་པར་མ་ཟད་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏང་དགོས་ཞེས་བསྟན། 
        ཐི་ལང་ཕུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་རང་ཨ་མེ་རི་ཁའི་སྲིད་འཛིན་ལ་བདམས་པར་རྟེན་འབྲེལ་ཞུས་པར་བཀའ་དྲིན་ཆེ་ཞུ་བ་ཡིན། བདག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བའི་ཐད་བཟུང་པའི་ལྟ་ཚུལ་ལ་མོས་མཐུན་ཡོད།  ཀྲུང་གོ་ནི་རླབས་ཆེན་དང་གལ་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལྗོངས་བཟང་བོར་ཀུན་གྱིས་མཐོང་ཆེན་བྱེད་བཞིན་འདུག  ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ཆོག་ལ། བདག་གིས་ཁྱེད་དང་མཉམ་དུ་ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱ་འདོད་པར་མ་ཟད། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་ཕྱིན་ཐུབ་པར་བདག་ལ་ཡིད་ཆེས་ཡོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1