ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པ།
སྤྱི་ཟླ་11པའི་ཚེས་15ཉིན་ནས་ཚེས་16ཉིན་བར། ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་ཁྲིན་ཏུའུ་རུ་འཚོགས།
གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་ཨུ་ཡོན་72དང་རྗེས་སྣོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན་15ཞུགས་པ་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས། དེ་མིན་ཞིང་ཆེན་སྐབས་བཅུ་པའི་ཏང་གི་འཐུས་ཚོགས་ཀྱི་གཞི་རིམ་གྱི་འཐུས་མི་བློ་མཐུན་དང་ཆེད་མཁས་པ་སྐོར་ཞིག་ཀྱང་གྲོས་ཚོགས་ཞུགས།
གྲོས་ཚོགས་ལ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གསུང་བཤད་གལ་ཆེན་གནང་།
གྲོས་ཚོགས་ཀྱི་ཡུལ་དངོས།
གྲོས་ཚོགས་ལས་གཏིང་ཟབ་པའི་སྒོ་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱུད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དང་། གཏིང་ཟབ་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མུ་འབྲེལ་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་བྱས། གྲོས་ཚོགས་ལས་གྲོས་ཞིབ་བྱས་ཏེ《ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་གཟབ་ནན་བྱེད་པ། ཆབ་སྲིད་སྐྱེ་ཁམས་ལེགས་པོར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་ཐག་གཅོད།》དང་《ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་འཐུས་མི་ཚོགས་ཆེན་འཚོགས་པའི་སྐོར་གྱི་གྲོས་ཆོད།》ལ་གྲོས་འཆམ་བྱུང་བར་མ་ཟད། ཁྱོན་ཡོངས་ནས་གཏིང་ཟབ་སྒོས་ནན་གྱིས་ཏང་སྐྱོང་བ་དང་མིག་སྔར་དང་མ་འོངས་པའི་དུས་སྐབས་ཀྱི་ཞིང་ཆེན་གྱི་གཙོ་གནད་ལས་ཀ་ཁག་ལ་བཀོད་སྒྲིག་གནང་།
གྲོས་ཚོགས་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་རང་རྒྱལ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་དུས་རིམ་དུ་འཚོགས་པའི་གལ་འགངས་ཆེ་བའི་ཚོགས་འདུ་ཞིག་ཡིན་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་གསལ་པོར་བསྟན་ཞིང་། འདིས་ཏང་ཡོངས་ཀྱི་ཐུན་མོང་གི་འདོད་བློ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་མཚོན། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་དང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་བྱེད་པའི་རྩ་བའི་འགན་ལེན་ཡིན་པར་མ་ཟད། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་རེད། ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་བྱེད་པ་དང་ཏང་གི་མཐུན་སྒྲིལ་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྔར་ལས་ལྷག་པའི་སྒོ་ནས་སྟོབས་ཤུགས་གཅིག་སྒྲིལ་དང་། གོ་སྐབས་དམ་འཛིན། འགྲན་རྩོད་ལས་རྣམ་པར་རྒྱལ་བ། ཏང་ཡོངས་ཀྱི་རྡོག་རྩ་གཅིག་སྒྲིལ་དང་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་དུ་མདུན་སྐྱོད་བྱེད་པ། ཏང་དང་རྒྱལ་ཁབ་ཡར་རྒྱས་གོང་འཕེལ་དང་ཡུན་རིང་བརྟན་གནས་བདེ་འགོད་ལ་ཡུན་རིང་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་པ་རེད། །