ལི་ཁེ་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་ཁབ་ནུས་ཁུངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་འཚོགས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-18
སྤྱི་ཟླ་11པའི་ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། རྒྱལ་ཁབ་ནུས་ཁུངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཁེ་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་ཁབ་ནུས་ཁུངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་འཚོགས། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་ལྟར《ནུས་ཁུངས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་དང་ འབྲེལ་ཡོད་ལས་ཀར་བཀོད་སྒྲིག་བྱས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་ཁབ་ནུས་ཁུངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཀའོ་ལི་གྲོས་ཚོགས་སུ་ཞུགས།
ལི་ཁེ་ཆང་གིས་ནུས་ཁུངས་འཐབ་ཇུས་ནི་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ཀྱི་སྲོག་ཤིང་གཙོ་བོ་ཡིན། དེང་སྐབས་རྒྱལ་སྤྱིའི་ནུས་ཁུངས་མཁོ་སྤྲོད་རྣམ་པ་ལེགས་སྒྲིག་དང་སྐབས་གསར་པའི་ནུས་ཁུངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྣམ་པར་གདོང་གཏོད་སྐབས། རང་རྒྱལ་ནི་ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས་ཆ་ནས་ངེས་པར་དུ་གོ་སྐབས་དམ་འཛིན་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། འདོན་སྤྲོད་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་བོར་བཟུང་སྟེ། ནུས་ཁུངས་འཛད་སྤྱོད་དང་མཁོ་སྤྲོད། ལག་རྩལ། སྒྲིག་གཞི་གསར་བརྗེ། རྒྱལ་སྤྱིའི་མཉམ་ལས་བཅས་ལ་སྐུལ་འདེད་བཏང་སྟེ། ནུས་ཁུངས་འཕེལ་རྒྱས་ཁྲོད་ཀྱི་ནུས་ཁུངས་ཁོར་ཡུག་ཀྱི་ཚད་བཀག་དང་སྤུས་ཀ་ཞན་པ། རྨང་གཞིའི་སྒྲིག་ཆས་ཞན་པ། གནད་བཀག་གི་ལག་རྩལ་མི་འདང་བ་སོགས་ཀྱི་གནད་དོན་ལ་ཁ་གསབ་བྱས་ཏེ་ནུས་ཁུངས་ཐོན་ལས་ཀྱི་འགྲན་རྩོད་ནུས་ཤུགས་མཐོར་འདེགས་སུ་གཏོང་བ་དང་། དག་གཙང་དང་ཕན་ནུས་མཐོ་བའི་དེང་རབས་ནུས་ཁུངས་མ་ལག་བསྐྲུན་ནས་སྔར་ལས་ལེགས་པར་ཀྲུང་གོའི་དཔལ་འབྱོར་མུ་མཐུད་དུ་བརྟན་བརླིང་ངང་འཕེལ་རྒྱས་སུ་ཕྱིན་པར་རྒྱབ་སྐྱོར་བྱ་དགོས་ཞེས་བསྟན། །