ལྕགས་ཟམ་རྫོང་གིས་རྒྱལ་ཁབ་ཀྱིAAAAརིམ་པའི་ཡུལ་ལྗོངས་གསར་འཛུགས་བྱ་རྒྱུར་ཞིང་ཆེན་གྱིས་ཞིབ་དཔྱོད་གནང་།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 11-21


      

        ཉེ་ཆར།  སི་ཁྲོན་ཞིང་ཆེན་ཡུལ་སྐོར་ཅུས་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ཡུལ་སྐོར་དང་གྲོང་གསེབ་གྲོང་ཁྱེར་འཆར་འགོད་སློབ་གླིང་།  སི་ཁྲོན་ཞིང་ཆེན་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་སྔོན་གྱི་རྟོགས་ཞིབ་པ་བཅས་ཀྱིས་གྲུབ་པའི་ཞིང་ཆེན་གྱི་ཞིབ་དཔྱོད་ཚན་ཆུང་གིས་ལྕགས་ཟམ་རྫོང་གིས་རྒྱལ་ཁབ་ཀྱི་AAAAརིམ་པའི་ཡུལ་ལྗོངས་གསར་འཛུགས་ལ་ཞིབ་དཔྱོད་གནང་། 

        ཞིབ་དཔྱོད་ཚན་ཆུང་གོང་འོག་ཏུ་ལྕགས་ཟམ་དང་དམར་དམག་དྲན་གསོའི་རྡོ་རིང་གི་སྤྱི་གླིང་།  མཛེས་ལྗོངས་ཁུལ་གྱི་རླངས་འཁོར་འབབ་ཚུགས་དང་ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས།  དེ་མིན་པ་སེ་འཚོང་ས་དང་ཉོ་ཚོང་ལྟེ་གནས་སོགས་ཀྱི་འཛུགས་སྐྲུན་གནས་ཚུལ་དང་མཛེས་ལྗོངས་ཁུལ་གྱི་བྱེད་ལས་སྒྲིག་བཀོད་སོགས་ལ་ཞིབ་དཔྱོད་གནང་།   ཞིབ་དཔྱོད་ཚན་ཆུང་གིས་མཛེས་ལྗོངས་ཁུལ་གྱི་འཛུགས་སྐྲུན་ལས་དོན་ལ་གདེང་འཇོག་ཚད་མཐོན་པོ་གནང་པ་དང་། ལྕགས་ཟམ་རྫོང་གི་ཏང་ཨུ་དང་སྲིད་གཞུང་གིས་གསར་འཛུགས་བྱ་རྒྱུའི་ལས་དོན་ལ་མཐོང་ཆེན་བྱས་ནས་རྒྱལ་ཁབ་ཀྱི་AAAAརིམ་པའི་ཡུལ་ལྗོངས་གསར་འཛུགས་བྱ་རྒྱུ་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད་ཞེས་བསྟན།།
 


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།
༄༅།། ཀག་དུས་ཀྱི་འཛེམ་བྱ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1