ཞིང་དཔོན་དབྱིན་ལི་ཡིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ཨུའི་གྲོས་ཚོགས་ལ་གཙོ་སྐྱོང་གནང་བ།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-22
སྤྱི་ཟླ་11པའི་ཚེས་21ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིན་ལི་ཡིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ཨུའི་གྲོས་ཐེངས་134བ་བསྡུ་འཚོགས་བྱས་པར་གཙོ་སྐྱོང་གནང་སྟེ། སྨན་བཅོས་བདེ་ཐང་གི་གཞི་གྲངས་ཆེན་མོ་བཀོལ་སྤྱོད་དང་ཡུལ་སྐོར་ལས་རིགས་བཅོས་བསྒྱུར་འཕེལ་རྒྱས་གཏོང་བ་སོགས་འབྲེལ་ཡོད་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་གནང་།
ཚོགས་འདུའི་ཐོག་སྨན་བཅོས་བདེ་ཐང་གི་གཞི་གྲངས་ཆེན་མོའི་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་ཚད་ལྡན་དུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་ཞེས་པར་གྲོས་འཆམ་བྱུང་སྟེ། སྨན་བཅོས་བདེ་ཐང་གི་གཞི་གྲངས་ཆེན་མོའི་རྨང་གཞིའི་འཛུགས་སྐྲུན་དང་། སྨན་བཅོས་བདེ་ཐང་གི་གཞི་གྲངས་ཆེན་མོ་མཉམ་སྤྱོད་དང་སྒོ་འབྱེད་བྱེད་ཚད་མགྱོགས་སུ་གཏོང་བ་ཞེས་པ་བཏོན་ནས། སྨན་བཅོས་བདེ་ཐང་གི་གཞི་གྲངས་ཆེན་མོ་བཀོལ་སྤྱོད་དང་སྨན་བཅོས་བདེ་ཐང་གི་གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ནས། མཉམ་སྦྲེལ་དྲྭ་བའི་སྨན་བཅོས་བདེ་ཐང་གིས་དམངས་ཕན་ཞབས་ཞུ་སོགས་ལས་འགན་ཆེན་མོ་ལྔ་སྒྲུབ་ཚད་མགྱོགས་སུ་བཏང་ཞེས་བསྟན།
གྲོས་ཚོགས་ཐོག་སྨན་བཅོས་བདེ་ཐང་གི་ལས་རིགས་ཀྱི་སྤྲིན་སྟེགས་བུ་འཛུགས་སྐྲུན་བྱེད་པ་ལག་བསྟར་བྱས་ནས། སྤྱི་དམངས་ཀྱི་བདེ་ཐང་གི་བྱང་བུ་དང་སྤྱི་ཚོགས་ཀྱི་འགན་ལེན་བྱང་བུ་གཅིག་བསྡུས་བཀོད་སྤྱོད་བྱེད་པ་དང་། གློག་རྡུལ་ནད་ཐོ་མཉམ་སྤྱོད་བེད་སྤྱོད་ཀྱི་ལས་གཞི། རིག་ནུས་རམ་འདེགས་ཀྱི་སྨན་བཅོས་ལས་གྲྭ གཞི་གྲངས་ཆེན་མོའི་ལྟ་སྐུལ་དོ་དམ་བྱེད་པའི་ལས་གྲྭ གཞི་གྲངས་ཆེན་མོའི་ནད་སྔོན་འགོག་སོགས་ལས་གྲྭ་དྲུག་བཙུགས་ནས། ཕ་ཚུན་འབྲེལ་མཐུད་བྱེད་པའི་མི་སྣའི་བདེ་ཐང་གི་ཆ་འཕྲིན་སྟེགས་བུ་འཛུགས་ཚད་མགྱོགས་སུ་བཏང་ནས། ལས་ཁུངས་ལས་དང་ས་ཁུངས། ལས་རིགས་བཅས་བརྒལ་བ་སོགས་ཀྱི་ཆ་འཕྲིན་མ་ལག་གྱི་འཕྲིན་སྦྲེལ་མཉམ་སྤྱོད་དང་ལས་སྒོ་མཉམ་སྒྲུབ་བྱེད་པར་སྐུལ་འདེད་བཏང་ཐོག སྨན་བཅོས་བདེ་ཐང་གི་གཞི་གྲངས་ཆེན་མོའི་ཡང་དག་སྒོས་གཅིག་བསྡུས་དང་མཉམ་སྤྱོད་བྱེད་པ་མངོན་འགྱུར་ཡོང་བ་བྱས་ཏེ། འཕྲིན་སྦྲེལ་དྲྭ་བ་རྒྱས་པའི་བདེ་ཐང་གི་སྨན་བཅོས་ཞབས་ཞུའི་རྣམ་པ་གསར་པ་དང་། ལས་རིགས་ཀྱི་རྒྱུན་ཚུལ་གསར་པ་བཅས་འཚོལ་ཞིབ་བྱས་ནས། ཁྱོན་ཡོངས་ནས་སྨན་བཅོས་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྨན་བཅོས་བདེ་ཐང་གི་སྟེགས་བུ་གཅིག་མཁོ་འདོན་བྱ་དགོས་ཞེས་བསྟན།
གྲོས་ཚོགས་ཐོག་གོམ་གང་མདུན་སྤོས་སྒོས་ཡུལ་སྐོར་ལས་རིགས་བཅོས་བསྒྱུར་འཕེལ་རྒྱས་གཏོང་བ་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་གྲོས་གཞི་ལ་གཞི་རྩའི་ཐོག་གྲོས་འཆམ་བྱུང་བ་དང་། གཞན་པའི་དོན་ཚན་ཁག་ལ་ཡང་ཞིབ་འཇུག་གནང་།།