ཉེ་ཆར། རོང་བྲག་རྫོང་གིས“གཞི་རིམ་ལ་དྲོད་ཁོལ་སྐྱེལ་”ཞེས་པའི་བྱེད་སྒོ་སྤེལ་བར་མ་ཟད་རྒྱལ་མོ་རོང་ཐང་ཆེན་ཏུ་གྲང་འགོག་དངོས་རྫེས་སྤྲོད་པའི་མཛད་སྒོ་སྤེལ། དཀར་མཛེས་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་པིའོ་མཛད་སྒོ་ནང་ཞུགས་པར་མ་ཟད། རྫོང་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་ལ་འཚམས་འདྲི་གནང་།
བྱེད་སྒོའི་ཡུལ་དངོས་སུ་བྲག་སྒོ་གྲོང་རྡལ་གྱི་དབུལ་ཕོངས་དུད་ཚང་དང་གནོད་འཚེ་ཕོག་པའི་དུད་ཚང་62ལ་གྲང་འགོག་ཉལ་ཆས124དང་དགུན་ལྭ62སྤྲད་པ་དང་། རྒྱ་ཆེ་བའི་དབུལ་ཕོངས་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་མི་དམངས་མང་ཚོགས་ཀྱི་ཆེད་དུ་ནན་ནན་ཏན་ཏན་གྱིསས་བྱ་བ་བསྒྲུབསཔར་བཀའ་དྲིན་ཆེ་ལལ། དུས་མཚུངས་སུ་ང་ཚོས་མུ་མཐུད་དུསྔ་མོ་ནས་དབུལ་སེལ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་འབད་བརྩོན་བྱ་ངེས་ཞེས་བཤད།
ཤེས་རྟོགས་བྱུང་པ་ལྟར་ན། ཐེངས་འདིའི་བྱེད་སྒོའི་ཁྲོད། རྫོང་དང་ཡུལ་ཤོག སྡེ་པ་བཅས་རིམ་པ་གསུམ་གྱིས་རིམ་པ་བཞིན་ཞིབ་དཔྱད་བྱས་ཏེ། མཇུག་མཐར་དུད་ཚང་3446འཚམས་འདྲི་བྱ་ཡུལ་དུ་གཏན་ཁེལ་བྱས། དེ་ནང་གཙོ་བོ་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་དུད་ཚང་དང་ལྔ་སྐྱོང་ཁྱིམ་ཚང་། དམའ་སྲུང་དབུལ་ཕོངས་ཁྱིམ་ཚང་དང་ལེགས་སྐྱོར་བྱ་ཡུལ། དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་བཅས་འདུས་ཤིང་། སྤྱིའི་མ་དངུལ་གཏོང་ཚད་སྒོར་ཁྲི་200ཡིན་པ་དང་། བྲག་སྒོ་གྲོང་རྡལ་ལས་ཡུལ་ཤོག་དང་གྲོང་རྡལ་གཞན་པ་14ལ་དངོས་སུ་དུད་ཚང་དུ་ཕེབས་ནས་འཚམས་འདྲི་གནང་བ་དང་འཚམས་འདྲིའི་ལེགས་སྐྱེས་སྤྲད།།
བྱེད་སྒོའི་ཡུལ་དངོས།