ཁོང་ནི། ༡༩༦༥ལོར་མཚོ་སྔོན་རེབ་གོང་ཡུལ་གྱི་གླིང་རྒྱལ་སྡེ་བར་སྐྱེས། ༡༩༨༢ལོར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་རྗེས་ཕ་ཡུལ་རེབ་གོང་དུ་ལོ་བཞིའི་རིང་སློབ་ཆུང་གི་དགེ་རྒན་གནང་། ༡༩༨༦ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་གྲངས་ཉུང་སྐད་ཡིག་སྡེ་ཁག་ཏུ་ཞུགས། མཐར་ཕྱིན་རྗེས་སློབ་གྲྭའི་བོད་ཡིག་སྡེ་ཁག་ཏུ་བསྐྱུར་ཏེ་དགེ་རྒན་གྱི་བྱ་བ་གནང་། ༡༩༩༢ལོར་བོད་ཡིག་སྡེ་ཁག་གི་ཞིབ་འཇུག་སློབ་མར་ཞུགས་ནས་བརྡ་སྤྲོད་སྙན་ངག་གི་ཆེད་གཉེར་ལ་སྦྱངས་པ་མཛད་ཅིང༌། ༡༩༩༩༥ལོར་རབ་འབྱམས་པའི་མིང་བཏགས་ཐོབ། ༢༠༠༩ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་འབུམ་རམས་པའི་མཚན་རྟགས་ཐོབ། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་དང༌། ཞིབ་འཇུག་སློབ་མའི་མཛུབ་ཁྲིད་དགེ་རྒན་གྱི་འགན་ཁུར་དུ་བཞེས་ཡོད། བརྩམས་ཆོས་སྐོར་རགས་ཙམ་ཞུས་ན།《སྙན་ངག་གི་བྱུང་འཕེལ་དང་འབྲེལ་ཏེ་སྐབས་སོ་སོའི་སྙན་ངག་གི་གོ་དོན་ལ་དཔྱད་པ།》《བོད་ཀྱི་སློབ་གསོའི་བསྒྱུར་བཅོས་ཐད་ཁ་ཚ་དགོས་གཏུག་གིས་ཐག་གཅོད་དགོས་པའི་དོན་ཆེན་ཞིག》《སྙན་ངག་གསར་རྙིང་གཉིས་ཀྱི་ཐོག་མའི་གཤིབ་བསྡུར།》《སྤྲིན་གྱི་ཕོ་ཉ་དང་ཕོ་ཉ་གཞོན་ནུ་དོན་གྲུབ་གཉིས་ཀྱི་ལམ་གྱི་བཀོད་པའི་གཤིབ་བསྡུར།》《བོད་ཀྱི་རྩོམ་བྱུང་ལོ་རྒྱུས་ཐད་ནས་རང་དབང་གཞན་གྱི་འདོད་པ་གླེང་བ།》《ཁྱོད་ཀྱིས་ཁེར་རྐྱང་གི་སྡུག་བསྔལ་བཟོད་ཐུབ་ཀྱང་། ང་ཚོས་སྙན་རྩོམ་གྱི་བསླུ་བྲིད་ལྡོག་དཀའ།》《མཉེས་གཤིན་འཆར་ཡན་གྱི་སྙན་ངག》《མཐར་ཕྱིན་སློབ་མའི་བྱ་བ་བཀོད་སྒྲིག་ཁེག་པོར་འགྱུར་བཞིན་པ་ལས་བྱུང་བའི་དེང་ཕྱིན་བོད་ཀྱི་སློབ་གསོའི་བཅོས་སྒྱུར་སྐོར་གྱི་བསམ་གཞིགས།》《ལང་ཚོའི་རྦབ་ཆུའི་ཀློག་འདོན་དང་རོལ་མྱོང་ཞེས་པ།》《ལྷ་དང་སྙན་ངག་གིས་གྲུབ་པའི་ལྷ་ས།》《ལྷ་སའི་ཞོགས་པ་གླེང་བ།》《བོད་མིའི་རྣམ་ཤེས་ཀྱི་རང་གཟུགས—ར་ལོ།》《 སྲོལ་རྒྱུན་བརྩམས་སྒྲུང་ནས་བརྩམས་སྒྲུང་གསར་བར་བསྐྱོད་པ།》《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་གླེང་བ། གཏིང་ཟབ་རིམ་པ་དུ་མ་ཅན་གྱི་བསམ་བློའི་གཏེར་མཛོད།》《རྟ་ནག་སྒྲོག་འགྲོས་གླེང་བ།》《སྤྲུལ་སྐུ།》ལས་མཐོང་བའི་དོན་གྲུབ་རྒྱལ་གྱི་ནང་སེམས་ཀྱི་འཇིག་རྟེན།《འཁོར་བའི་སྙིང་བོ།》གླེང་བ། ཆེས་ཀློང་ཡངས་པའི་མཛེས་དཔྱོད་ཀྱི་འཇིངས་སུ་དཔུང་འཇུག་བྱ་བ།》《དེང་གི་གསར་སྐྱེས་རྩོམ་པ་པོ་གཉིས་ཀྱི་གསར་རྩོམ་ལས་འཕྲོས་པའི་གླེང་སློང་།》《བློ་རྙིང་། རིག་གནས་གསར་བ། དཔལ་འབྱོར།》《སྒྲུང་གཏམ་སྡོམ་པ་སྲུང་བ་ཡི་མཚོན་བྱ་དང་མཚོན་ཐབས་ལ་དཔྱད་པ།》《བཙན་པོའི་མགུར་གླུའི་སྙན་ངག་གི་མཛེས་རྟོག་རྩ་དོན་གླེང་བ།》《སློབ་གྲྭ་ཆེན་མོ་བའི་བསམ་བློའི་ཆུ་ཚད་དང་བསམ་གཞིགས་ཀྱི་ནུས་པ་མཐོར་འདེགས་བཟོ་བའི་ཐད་ཀྱི་བསམ་གཞིགས།》《 དུས་སྐབས་གསར་བའི་རྩོམ་རིག་བོད་དུ་དར་བའི་རྒྱུ་ཚོགས་ལ་དཔྱད་པ།》《རྩོམ་ལུས་ཀྱི་ཐད་ནས་བོད་ཀྱི་དེང་རབས་སྒྲུང་འབྲིང་གསར་རྩོམ་ལ་དཔྱད་པ།》སོགས་ཡོད་དོ། །