སྤྱི་ཟླ་11པའི་ཚེས་21ཉིན། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་གིས་གཙོ་སྒྲུབ་མཛད་པའི་དར་མདོའི་11·22”ས་ཡོམ་རྗེས་ཀྱི་བསྐྱར་སྐྲུན་ལ་ལོ་འཁོར་གཉིས་འགོར་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས། གསར་འགོད་པས་ཤེས་རྟོགས་བྱུང་པ་ལྟར་ན། མིག་སྔར། དར་མདོ་གྲོང་ཁྱེར་གྱི་བསྐྱར་སྐྲུན་རྣམ་གྲངས་152སྟེང་མ་དངུལ་བྱེ་བ་20.02བཏང་བ་དང་། རྣམ་གྲངས་84ལེགས་གྲུབ་བྱུང་ལ་བེད་སྤྱོད་གཏང་བཞིན་ཡོད་པས། ལོ་གསུམ་གྱི་ལས་འགན་དེ་ལོ་གཉིས་ནང་ལེགས་འགྲུབ་བྱུང་ཞེས་པའི་དམིགས་ཡུལ་དེ་མངོན་འགྱུར་བྱུང་པ་རེད།
ཞིང་པའི་སྡོད་ཁང་གི་འཛུགས་སྐྲུན་རྣམ་གྲངས་ཐད་ལ། ཞིང་པའི་སྡོད་ཁང་1797བསྐྱར་སྐྲུན་བྱས་ཤིང་སྡོད་ཁང་9739ཉམས་གསོ་བྱས། རྡོ་ར་ཀ་མོ་དང་ཡུལ་བཙན་ཤུལ། ལྕམ་པ་དང་གྲོང་འགོ་བཅས་ཞིང་པའི་སྡོད་ཁང་གཅིག་སྡུད་བྱ་ཡུལ་དང་སྡོད་ཁང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ལེགས་པར་གྲུབ།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ལ། ན་ནིང་གི་ཟླ་དགུ་པར་འཕྲོད་བསྟེན་རིགས་ཀྱི་ཉམས་གསོ་བརྟན་གཞི་རྣམ་གྲངས་ཡོངས་རྫོགས་ལེགས་གྲུབ་བྱུང་པས་མི་དམངས་མང་ཚོགས་ཀྱི་སྨན་བཅོས་ཆ་རྐྱེན་ཇེ་ལེགས་གྱུར། །