ལི་རྫོང་གི་དམངས་ཡོངས་ཀྱི་ལུས་པོར་བརྟག་དཔྱད་བྱས་པ།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-29
ཉེ་ཆར། ལི་རྫོང་གིས་དམངས་ཡོངས་ཀྱི་ལུས་པོ་བདེ་ཐང་ལ་ཞིབ་བཤེར་བྱེད་པའི་དམངས་ཕན་ལས་གཞི་སྤེལ་འགོ་ཚུགས།
སྨན་བཅོས་དམངས་ཕན་ལས་གཞི་ལ་སྐུལ་འདེད་གཏོང་བ་དང་གོམ་གང་མདུན་སྤོས་ཀྱིས་གཞི་རིམ་གྱི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་གཏོང་བ། རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ལ་འགན་སྲུང་བྱ་ཆེད། ལི་རྫོང་གིས་དམངས་ཡོངས་ཀྱི་ལུས་པོར་ཞིབ་བཤེར་གྱི་དམངས་ཕན་ལས་གཞི་དེ་མྱག་ལོ་གྲོང་བརྡལ་ནས་སྤེལ།།