དར་མདོའི་11.22ས་གཡོ་རྗེས་ཀྱི་“ལོ་གསུམ་གྱི་ལས་འགན་ལོ་གཉིས་ནང་ལེགས་པར་འགྲུབ་དགོས།”ཞེས་པའི་བསྐྱར་གསོ་ལས་ཀའི་དུས་ཚིགས་སུ་སླེབས་ལ་ཉེ་དུས། བསྐྱར་གསོ་ལས་ཀ་ནི་མཐའ་མའི་གདོང་མཆོང་གི་དུས་རིམ་དུ་སླེབས། སྤྱི་ཟླ་11པའི་ཚེས་23ཉིན། ས་གཡོ་བྱུང་ནས་ལོ་འཁོར་གཉིས་འགོར་བའི་སྐབས་སུ། དཀར་མཛེས་ཁུལ་གྱི་ཏང་ཨུའུ་ཧྲུའུ་ཅི་ལིའུ་ཁྲན་མིང་གིས་གནོད་འཚེ་ཐེབས་པའི་མང་ཚོགས་ལ་ཐུགས་ཁུར་མཛད་དེ། རྟའུ་རྫོང་དཔལ་སྨད་གྲོང་རྡལ་དང་དར་མདོ་གྲོང་ཁྱེར་གྱི་རྡ་ར་ཀ་མོ་ཡུལ་ཤོག་ཏུ་བསྐྱར་གསོ་ལས་ཀར་ཞིབ་བཤེར་དང་མཛུབ་ཁྲིབ་གནང་དུ་ཕེབས། ཁོང་གིས་གནོད་འཚེ་ཐེབས་པའི་མང་ཚོགས་དང་བསྐྱར་གསོ་ཀྱི་ལས་ཀར་འབད་པའི་གཞི་རིམ་གྱི་ལས་བྱེད་པ་རྣམས་ལ་འཚམས་འདྲི་གནང་ཞིང་། ཡུལ་ཤོག་དང་དུད་ཚང་དུ་ཕྱིན་ཏེ་མང་ཚོགས་ཀྱི་བསམ་འཆར་དང་བཏོན་པའི་རེ་བ་སོགས་ལ་ནན་གྱིས་གསན།།