ནམ་ཕྱེད་སྐར་ཆེན་གྱི་འོད་ལ་བལྟས་པས། །
མ་ལོའི་སྤྱན་མིག་གི་ཟིལ་པ་མ་མཐོང་། །
རི་སྒང་ཕར་ནང་ནས་ཟླ་འོད་མཆེད་པས། །
མ་ལོའི་ཞལ་འཛུམ་གྱི་མུ་ཏིག་གསལ་ཡོང་། །
ཨ་མ་ཚེ་ཚེ་ཡི་ལམ་སྟོན་སྐར་ཆེན། །
ཨ་མ་ཉེ་ཉེ་ཡི་སྒྲོན་འོད་གསལ་པོ། །
ཨ་མ་ཞོགས་ལྗོངས་ཀྱི་རྩྭ་ཕྲན་མཉེན་པོ། །
ཨ་མ་ཚེ་རིང་ངོ་ཞལ་དྲོ་ཡང་ཤོག །
དྲིན་ཆེན་ཞེ་དཀར་གྱི་མ་ལོ་དྲིན་ཆེན། །
ལོ་ལོ་གྲངས་མེད་ཀྱི་རྒྱབ་རྟེན་སྐྱོར་ཡོད། །
བཀའ་དྲིན་བསམ་ཤེས་ཀྱི་ལོ་ཟླ་དག་ལ། །
ཁྱེད་ཉིད་སྐུ་ཁམས་དེ་བདེ་བས་འཚོ་ཤོག །
ལས་ཟུང་རྒས་མདོག་གི་ཉམས་དེ་མཐོང་ན། །
བརྩེ་ཆེན་མིག་མདངས་ཀྱི་འོད་དེ་མཇལ་ན། །
འདི་ཕྱི་ཚེ་རབས་ཀུན་མ་ལོ་ཁྱོད་དང་། །
འབྲལ་མེད་སྨོན་པ་ཞིག་ཡང་ཡང་ཤོར་འགྲོ །
2016ལོའི་《ཁ་བཏགས་དཀར་པོ།》དེབ་3པ་ལས་བཤུས།