(ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར།)གྲོང་ཁྱེར་གྱི་མཚན་མོར་རྣམ་པར་བཀྲ་བའི་ཁྱབ་བརྡའི་གློག་བྱང་དང་འོད་སྟོང་འཕྲོ་བའི་ལམ་འགྲམ་གྱི་གློག་སྒྲོན་གྱིས་མི་རྣམས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག་ཡོད་ཅིང་། ཁྲ་ཁྲ་རིག་རིག་གི་མཛེས་ལྗོངས་འོག་ང་ཚོས་ཤེས་མེད་པའི་གནོད་སྐྱོན་ཞིག་ཀྱང་བྱུང་དང་འབྱུང་བཞིན་ཡོད། གློག་འོད་འོག་ཏུ་ང་ཚོས་དཀར་གསལ་གྱི་ཟླ་བ་དེ་མཐོང་མི་ཐུབ་ལ། ཕྱི་རོལ་ཏུ་གསལ་ཆེ་བའི་ཁྱབ་བརྡ་གློག་བྱང་ལས་བྱུང་པའི་འོད་ཀྱི་ཁྱབ་འགྱེད་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་གནོད་འཚེ་ཡང་ཆུང་ཆུང་ཞིག་གཏན་ནས་མིན། མཉམ་འཇོག་བྱ་དགོས་པ་ཞིག་ལ། རྒྱལ་ནང་ལ་འོད་འགྱེད་སྦགས་བཙོག་གི་གནད་དོན་ཐད་བཅོས་སྐྱོང་ལེགས་པོ་བྱས་མེད་ལ་དེའི་ཐད་དོ་སྣང་བྱ་རྒྱུ་ཡང་འདང་མེད།
གྲོང་ཁྱེར་གྱི་གློག་འོད་གསལ་མོས་ཟླ་བའི་དཀར་འོད་འགོག་པ་ཁོ་ན་མ་ཡིན་པར། ད་དུང་དེ་བས་ཚབས་ཆེན་ཞིག་ལ། དེས་མིའི་རིགས་ལ་གནོད་པ་ངེས་ཅན་ཞིག་སྐྱེད་པ་རེད། འོད་འགྱེད་སྦགས་བཙོག་ནི་རླངས་སྙིགས་དང་ཆུ་སྙིགས་དེ་མིན་སྙིགས་རོ་དང་འཛེར་སྒྲ་སོགས་སྦགས་བཙོག་གི་རྗེས་ཀྱི་ཁོར་ཡུག་བཙོག་འགྱུར་གྱི་འབག་ཁུངས་གསར་པ་ཞིག་ཡིན། གཙོ་བོ་འོད་དང་མིའི་ཐབས་ཀྱི་ཉིན་མཚན་བརྗེ་པ། དེ་མིན་ཚོན་མང་ཅན་གྱི་གློག་སོགས་ཀྱི་འབགས་བསླད་ལས་བྱུང་བ་རེད། ཞིབ་འཇུག་ལས་ཤེས་རྟོགས་བྱུང་པ་ལྟར་ན། འོད་འགྱེད་སྦགས་བཙོག་གིས་མིའི་མིག་སྐྱི་དང་འཇའ་སྐྱིར་གནོད་སྐྱོན་ཕོག་པ་མ་ཟད་མཐོང་བྱེད་དྲ་སྐྱིའི་འོད་ཚོར་ཕྲ་ཕུང་གི་ནུས་པར་གནོད་དེ་མཐོང་ཤུགས་ཉམས། འོད་འགྱེད་སྦགས་བཙོག་ལྡན་པའི་གྲོང་ཁྱེར་ནང་ཡུན་རིང་འཚོ་གནས་བྱས་ན། མགོ་ན་བ་དང་ངལ་བ། བློ་མི་བདེ་བ་དེ་མིན་འབྲས་སྐྲན་སོགས་ནད་མང་བྱུང་བའི་ཉེན་ཁ་ཡོད། གཞན་ཡང། འོད་འགྱེད་སྦགས་བཙོག་གིས་རང་བྱུང་ཁོར་ཡུག་ལའང་གནོད་འཚེ་ཆེན་པོ་ཐེབས། གསལ་ཆེ་བའི་གློག་འོད་ཀྱིས་འབའ་འབུ་སྲོག་ཆགས་ཕྱིར་འབུད་པ་མ་ཟད་རྩྭ་རྩི་ཤིང་གི་སྐྱེས་འཕེལ་ལའང་ཤུགས་རྐྱེན་ངན་པ་ཐེབས། གྲོང་ཁྱེར་གྱི་མཛེས་སྡུག་ནི་ཁྲ་ཁྲ་རིག་རིག་གི་གློག་ཁོ་ནར་བརྟེན་དགོས་པ་ཞིག་མ་ཡིན་ཏེ། དྲོ་སྐྱིད་ལྡན་པའི་གྲོང་ཁྱེར་ཞིག་བསྐྲུན་ན་ཡུལ་ཁམས་སྲུང་སྐྱོང་དང་ནུས་ཁུངས་གྲོན་ཆུང་དེ་དམིགས་ཡུལ་གཙོ་བོ་ཞིག་ཏུ་འཛིན་དགོས།
ང་ཚོས་ངེས་པར་དུ་འོད་འགྱེད་སྦགས་བཙོག་གི་བཅོས་སྐྱོང་ལ་མཐོང་ཆེན་བྱས་ཏེ། གྲོང་ཁྱེར་གྱི་འབགས་ཁུངས་གསར་པ་ཞིག་འགྱུར་ཏུ་འཇུག་མི་རུང་། འོད་འགྱེད་སྦགས་བཙོག་ལེགས་བཅོས་དགོས་ན་འདུ་ཤེས་ལ་འགྱུར་ལྡོག་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་རེད། གློག་འགྱེད་སྦགས་བཙོག་ལ་ངོས་འཛིན་གསལ་མོ་བྱེད་དགོས་པར་མ་ཟད་ཆུ་དང་རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་བྱེད་པའི་བཅའ་ཁྲིམས་ལྟར་འབྲེལ་ཡོད་བཅའ་ཁྲིམས་ཏེ་ཁྲིམས་ལུགས་གཞི་འཛིན་ས་ཞིག་ཡོད་དགོས། །