ཟུང་ཆུ་རྫོང་གིས་ལས་གཞི་ཁག་ལྔའི་རོགས་སྐྱོར་འཆར་གཞི་ལེགས་པར་འགྲུབ་པ།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 11-30
ད་ལོར། ཟུང་ཆུ་རྫོང་གིས་ལས་གཞི་ཁག་ལྔའི་འཆར་གཞི་དང་ཐོན་ལས་རོགས་སྐྱོར་རྣམ་གྲངས་ལག་བསྟར་བྱས། དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་ཁྱིམ་ཚང་གི་དབུལ་སེལ་དགོས་མཁོ་གཞིར་བཟུང་ནས། མི་དང་དུད་ཚང་གི་དབུལ་ཕོངས་ཀྱི་རྒྱུ་རྐྱེན། དབུལ་ཕོངས་ཀྱི་རྣམ་པ་བཅས་ལ་བསྟུན་པའི་སྲིད་ཇུས་ལག་བསྟར་བྱས་པ་དང་། འདེབས་འཛུགས་དང་གསོ་སྤེལ། ཡུལ་སྐོར། ལས་སྣོན་སོགས་ཀྱི་གནད་འཁེལ་དབུལ་སྐྱོར་ཁྱིམ་ཚང་དུ་ཐོན་ལས་རྣམ་གྲངས་དང་ཐོན་ལས་ས་ཚིགས་འཛུགས་སྐྲུན་བཅས་བྱས་ནས་དབུལ་སེལ་གྱི་ནུས་པ་མཐོར་འདེགས་སུ་བཏང་།།