ཞི་ཅིན་ཕིང་གིས་ལ་ཝོ་སིའི་ཙུང་ལི་ཐོན་ལོན་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-02


        སྤྱི་ཟླ་12པའི་ཚེས་1ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལ་ཝོ་སིའི་ཙུང་ལི་ཐོན་ལོན་ལ་མཇལ་འཕྲད་གནང་།
        ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལ་ཝོ་སི་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་འཁོར་55འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་ཉིན་རེ་བཞིན་གཏིང་ཟབ་ཏུ་ཕྱིན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཁྱོན་ཡོངས་དང་མགྱོགས་པའི་སྒོས་ནས་འཕེལ་རྒྱས་སུ་སོང་བར་མ་ཟད། གྲུབ་འབྲས་གཡུར་ཟ་བ་བླངས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དོན་དངོས་ཀྱི་ཁེ་ཕན་བསྐྲུན། དེ་མིན་ས་ཁུལ་རང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་གོང་འཕེལ་དུ་གཏོང་བ་བཅས་ཐད་ལ་བྱས་རྗེས་གལ་ཆེན་བཞག ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་དུ་ལ་ཝོ་སི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ། བློ་མཐུན་བཟང་བོ་བཅས་སུ་བརྩིས་ནས། ལ་ཝོ་སི་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ལ་ཝོ་སི་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཛའ་འབྲེལ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་གོ་དང་ལ་ཝོ་སི་གཉིས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱ་འདོད་ཅེས་བསྟན། 
        ཐོན་ལོན་གིས་ལ་ཝོ་སི་ཕྱོགས་ཀྱིས་ལ་ཝོ་སི་དང་ཀྲུང་གོ་ཏང་གཉིས་དང་རྒྱལ་ཁབ་གཉིས་བར་གྱི་བརྗེ་རེས་དང་མཉམ་ལས་ལ་མཐོང་ཆེན་བྱེད་པར་ཧུར་ཐག་སྒོས་ཤུགས་སྣོན་བྱ་འདོད་པ་དང་། ཀྲུང་གོ་ནི་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱས་ཏེ། ཀྲུང་གོ་ཕྱོགས་དང་རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། ཨེ་ཤ་ཡ་ཤར་ཕྱོགས་མནའ་འབྲེལ་དང་ཀྲུང་གོ་བར་གྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་གཏང་འདོད་ཅེས་བཤད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1